མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་ཁག་དོན་འཁྱོལ་ནན་མོ་བྱས་ནས་རིག་གནས་ཡུལ་སྐོར་ཁྲོམ་རའི་བདེ་འཇགས་བརྟན་ལ་གོ་རིམ་ལྡན་པར་ཁག་ཐེག་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་གྱི་རིག་གནས་དང་ཡུལ་སྐོར་ཁྲོམ་རའི་བདེ་འཇགས་བརྟན་ལ་གོ་རིམ་ལྡན་པར་ཁག་ཐེག་བྱ་ཆེད། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་རིག་གནས་དང་ཡུལ་སྐོར་སྡེ་ཁག་གིས་ནད་ཡམས་སྔོན་འགོག་ཚོད་འཛིན་བྱ་རྒྱུ་དེ་མིག་སྔའི་ལས་དོན་གྱི་གལ་ཆེན་ནང་གི་འགངས་ཆེན་དུ་བརྩིས་ནས། གཙོ་གནད་ཁྱབ་ཁོངས་ཀྱི་ཉམས་ཞན་ལྷུ་ཚིགས་ལ་དམ་པོར་དམིགས་པ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་ཐབས་ཁག་དོན་འཁྱོལ་ནན་མོ་བྱེད་པ། རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ཐད་ཀྱི་ཞན་ཆ་དང་སྐྱོན་ཆ་ཕྱོགས་ཡོངས་ནས་གྲལ་བཤེར་བཅས་བྱས་ཏེ། ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཁྲོམ་ར་བདེ་འཇགས་བརྟན་ལ་གོ་རིམ་ལྡན་པར་ཁག་ཐེག་བྱས།

ཤེས་རྟོགས་བྱུང་བར་གཞིགས་ན། ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གིས་རིམས་ནད་ཀྱི་འགྱུར་ལྡོག་ལེགས་སྒྲིག་ལས་དོན་གྱི་གཙོ་གནད་ལ་གཞིགས་ནས་འཕྲལ་བསྟུན་ལམ་སྲོལ་དང་བྱ་བའི་གསལ་ཐོ་འཛུགས་པ་དང་འཐུས་ཚང་དུ་བཏང་སྟེ། སྔོན་འགོག་བྱ་ཐབས་རྒྱུན་ཆད་མེད་པར་འཐུས་སྒོ་ཇེ་ཚང་དུ་བཏང་། ཡུལ་སྐོར་ལས་དོན་ཁང་གི་ལས་སྒོའི་ལྟ་སྐུལ་དོ་དམ་ལ་སྔར་བས་ཤུགས་སྣོན་པ་དང་། Aརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་ནད་ཡམས་སྔོན་འགོག་ཚོད་འཛིན་གྱི་བླང་བྱ་དོན་འཁྱོལ་བྱེད་པ། རིག་གནས་དང་ཡུལ་སྐོར་ལས་རིགས་ཀྱི་ཁང་པའི་ནང་གི་སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་དང་། ལས་ཞུགས་མི་སྣའི་བདེ་ཐང་གི་ཞིབ་དཔྱད་ཚད་ལེན་དང་དོ་དམ་ལ་ཤུགས་སྣོན་པ་བཅས་བྱས་ནས། ཟ་ཁང་དང་གླིང་ཁུལ་ཕྱི་རོལ་གྱི་སྔོན་འགོག་ཚོད་འཛིན་བྱེད་ཐབས་ཡོངས་སུ་ཁྱབ་པར་འགན་ལེན་དང་། རིག་གནས་དང་ཡུལ་སྐོར་གྱི་འདུ་ཚོགས་རང་བཞིན་གྱི་བྱེད་སྒོ་ཆེ་གྲས་སྣ་ཚོགས་སྤེལ་མཚམས་བཞག་སྟེ་དགོས་ངེས་མ་ཡིན་པའི་བྱེད་སྒོ་མི་སྤེལ་བར། དགོས་ངེས་མ་ཡིན་པར་ཕྱི་རུ་མི་སྐྱོད་པ་དང་། ཡུལ་སྐོར་བ་ཚོགས་པ་ནས་ཕྱིར་འཐེན་པ། ཁང་པ་ཕྱིར་མི་གླ་བ། གྲོན་དངུལ་ཕྱིར་བསློགས་པ་སོགས་འབྲེལ་ཡོད་དོན་དག་ཐག་གཅོད་འོས་འཚམ་བྱས་ཏེ། རིག་གནས་ཡུལ་སྐོར་གྱི་ཚོང་ར་བརྟན་བརླིང་ངང་འཁོར་སྐྱོད་ཐུབ་པར་ཁག་ཐེག་ཏན་ཏིག་བྱེད་དགོས།

ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གིས་ཆེད་དོན་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་ཚན་ཆུང8བཙུགས་ཏེ། ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར། མཚོ་ནུབ། མཚོ་བྱང་། རྨ་ལྷོ། མཚོ་ལྷོ་སོགས་ས་ཁུལ་རིག་གནས་ཡུལ་སྐོར་སྲིད་འཛིན་སྡེ་ཁག་དང་མཉམ་འབྲེལ་གྱིས་ཁོངས་གཏོགས་ཁུལ་གྱི་ཡུལ་སྐོར་མཛེས་ལྗོངས་ཁུལ་གཙོ་བོ་དང་། ཡུལ་སྐོར་ཚོང་ཟོག་ཉོ་ཚོང་བྱ་ཡུལ། རིག་གནས་ཁྲོམ་རའི་གཉེར་སྐྱོང་ལས་ཁུངས་བཅས་ལ་མཉམ་འབྲེལ་གྱིས་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བྱས། Aརིམ་པའི་མཛེས་ལྗོངས་ཁུལ་གྱིས་ངེས་པར་དུ“ཚད་བཀག་བཟོ་བ་དང་། ཁ་ཆད་བྱེད་པ། རི་རྩེར་ནོར་འཁྲུལ་ཆེ་བ”བཅས་བྱས་ཏེ་སྒོ་འཛིན་སྔོན་མངགས་ལམ་ལུགས་དང་། “ཨང་གཉིས”ཀྱི་ཚོད་ལྟ་ར་སྤྲོད། ལུས་དྲོད་ལྟ་ཞིབ་ཚད་ལེན། ཁ་རས་འདོགས་པ། “སྨི་གཅིག་གི་བར་ཐག”སོགས་གླིང་ཁུལ་དུ་རིམས་འགོག་བྱེད་ཐབས་དོན་འཁྱོལ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།  །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།