ཁོང་ཡུང་གིས་མཚོ་ཤར་གྲོང་ཁྱེར་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་མཉམ་འབྲེལ་བརྟག་དཔྱད་ས་ཚིགས་སུ་རྟོག་ཞིབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས11ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པའམ་ཞིང་ཆེན་པྲོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་བཀོད་འདོམས་དཔོན་གཞོན་པ་ཁོང་ཡུང་མཚོ་ཤར་གྲོང་ཁྱེར་གྱི་མཱ་ཁྲང་ཧིན་དང་ལིན་ཧྭ་ཐེ་གཉིས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་མཉམ་འབྲེལ་བརྟག་དཔྱད་ས་ཚིགས་སུ་སོང་ནས་རིམས་ནད་སྔོན་འགོད་ཚོད་འཛིན་བྱ་བར་རྟོག་ཞིབ་བྱས། ཡུལ་དངོས་བརྟག་དཔྱད་བརྒྱུད་བགྲོད་ལམ་བཀོད་སྒྲིག་དང་བརྟག་དཔྱད་སྒྲིག་ཆས་བཀོལ་སྤྱོད། འགོག་སྲུང་སྒྲིག་ཆས་བཀོད་སྒྲིག  ཡུལ་དངོས་ལག་བསྟར་བརྒྱུད་རིམ་སོགས་ལ་ཞིབ་བཤེར་བྱས་པ་དང་། འཐབ་གནས་དང་པོ་ན་ཡོད་པའི་ལས་བྱེད་པར་འཚམས་འདྲི་བྱས་ཏེ་ཁོ་ཚོར་འགྲིམ་འགྲུལ་སྒྲིག་ལམ་གོ་རིམ་ཡོད་པར་བྱེད་པའི་ཞོར་དུ་རང་ཉིད་ཀྱི་འགོག་སྲུང་ལ་ཤུགས་སྣོན་དང་། འབྲེལ་ཡོད་ལས་ཁུངས་ཀྱིས་ལས་ཡུལ་དང་པོའི་ལས་རེས་མི་སྣར་ཐུགས་ཁུར་དང་གཅེས་སྐྱོང་བྱེད་པར་ཤུགས་སྣོན། ངལ་གསོའི་དུས་ཚོད་ལུགས་མཐུན་ངང་བཀོད་སྒྲིག་བྱེད་པ། རེས་མོས་སྲུང་རེས་ཚན་རིག་དང་མཐུན་པའི་ངང་ལེགས་སྒྲིག་བྱེད་པ་བཅས་ཀྱི་ཕྱོགས་ནས་དངོས་ཟོག་འདང་ངེས་མཁོ་འདོན་བྱེད་དགོས་པར་གདམས། རླངས་འཁོར་ལ་ངེས་པར་དུ་ཞིབ་བཤེར་བྱེད་པ་དང་། མི་ལ་ངེས་པར་དུ་ཞིབ་བཤེར་བྱེད་པ། ཞིབ་བཤེར་ཚོད་འཛིན་ནན་པོ་བཅས་བྱས་ཏེ“རླངས་འཁོར་དང་མི་གཅིག་ཀྱང་ཆད་ལུས་མི་བྱུང་བ་བྱེད་དགོས་པའི”བླང་བྱ་བཏོན།

ཁོང་ཡུང་གིས་རིམས་ནད་སྔོན་འགོག་ཚོད་འཛིན་མཉམ་འབྲེལ་ཞིབ་བཤེར་ས་ཚིགས་ནི་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བའི་གཡུལ་ས་གཙོ་བོ་ཡིན་པས་འགག་སྒོ་དང་འགོག་གནས་གལ་ཆེན་ཞིག་ཡིན།   རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བར་ལྷོད་གཡེང་སྤུ་ཙམ་ཡང་གཏོང་མི་རུང་ལ། ཆབ་སྲིད་ཀྱི་ལངས་ཕྱོགས་མཐོ་རུ་བཏང་སྟེ་ནན་ཏན་སྒོས་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བ་བསྒྲུབ་དགོས། ཆུ་ཚོད24ཡི་རིང་ལ་ལས་རེས་བྱེད་པ་རྒྱུན་འཁྱོངས་དང་སྤྱི་བདེ་དང་འགྲིམ་འགྲུལ་སྐྱེལ་འདྲེན། ཕྱོགས་བསྡུས་ཁྲིམས་འཛིན། འཕྲོད་བསྟེན་བདེ་ཐང་། རིམས་ནད་སྔོན་འགོག་ཚོད་འཛིན་སོགས་སྡེ་ཁག་བར་གཞོགས་འདེགས་དམ་ཟབ་བྱས་ཏེ་ཕྱོགས་ཡོངས་ནས་ཞིབ་བཤེར་དང་འགོག་སྲུང་བརྟན་སྲུང་བྱེད་པ་དང་། ཁྱོན་ཡོངས་ནས་གྲལ་བཤེར་དང་འགོག་སྲུང་འཛིང་རགས་བརྟན་པོ་འཛུགས་པ། གཙོ་གནད་ལྷུ་ཚིགས་དང་གཙོ་གནད་མི་སྣར་གྲལ་བཤེར་བྱེད་ཤུགས་ཆེ་རུ་གཏོང་དགོས། མཚོ་སྔོན་དུ་ཡོང་མཁན་མི་གྲངས་ཀྱི་གཏིང་ལོན་བཤེར་གྲངས་གསལ་པོ་ཡོང་བར་འགན་ལེན་དང་འཕྲལ་བསྟུན་ཐག་གཅོད་བྱེད་ནུས་ཆེ་རུ་བཏང་ནས་འཕྲལ་བསྟུན་སྔོན་ཇུས་འཐུས་ཚང་དུ་གཏོང་དགོས། དྲོད་ཚད་འཇལ་བ་དང་། ཨང་རིས་བཤེར་བ། ལྟ་ཞིབ། ཞིབ་དཔྱད་ཚད་ལེན། སྨན་ཁང་དུ་སྐྱེལ་བ་སོགས་ལ་དོ་དམ་ནན་མོ་བྱེད་པ། རིམས་ནད་འགྲིམ་འགྲུལ་སྐྱེལ་འདྲེན་བརྒྱུད་ནས་མཆེད་པར་མཐའ་གཅིག་ཏུ་སྔོན་འགོག་བྱས་ཏེ། བློ་ཐག་རྦད་ཆོད་ཀྱིས“ཕྱི་ནས་ནང་མཆེད་སྔོན་འགོག”གི་འགག་སྒོ་ནན་སྲུང་སྒོས་མཚོ་སྔོན་གྱི“རིམས་འགོག་སྒོ་ཆེན”ལེགས་པར་སྲུང་དགོས་པར་ནན་གྱིས་བསྟན། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།