ཞིན་ཁྲང་ཞིང་གིས་ཀྲུང་གོའི་ཚན་རིག་ཞིབ་འཇུག་གླིང་ཚྭ་མཚོ་ཞིབ་འཇུག་ཁང་དུ་རྟོག་ཞིབ་གནང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས11ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ། ཧྲིན་ཀྲང་ཞིན་ཁྲང་ཞིང་གིས་ཀྲུང་གོའི་ཚན་རིག་གླིང་མཚོ་སྔོན་ཚྭ་མཚོ་ཞིབ་འཇུག་ཁང་དུ་རྟོག་ཞིབ་བཞུགས་མོལ་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱས་ཏེ། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་དགོངས་དོན་གྱི་བཀོད་སྒྲིག་ལྟར། རང་རང་གི་འགན་འཁྲི་ཁག་ཁུར་དང་ལེན་བྱེད་པ་དང་། ཚྭ་མཚོ་ཚན་རྩལ་ཕྱོགས་ཀྱི་དཔྱད་རྩོམ་ལེགས་པོར་བྲིས་ནས། འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་མྱུར་དུ་འཛུགས་སྐྲུན་བྱེད་པར་ཚན་རྩལ་འདེགས་ཤུགས་འདོན་སྤྲོད་བྱེད་དགོས་པའི་སྐུལ་མ་གནང་།

ཀྲུང་གོའི་ཚན་རིག་གླིང་མཚོ་སྔོན་ཚྭ་མཚོ་ཞིབ་འཇུག་ཁང་ནས་ཞིན་ཁྲང་ཞིང་སྔ་གཞུག་ཏུ་ཚྭ་མཚོ་རྫས་འགྱུར་དབྱེ་ཞིབ་ཚོད་ལྟ་ཚད་ལེན་ལྟེ་གནས་དང་། ཚྭ་མཚོའི་ས་གཤིས་དང་ཁོར་ཡུག་ཚོད་ལྟ་ཁང་སོགས་སུ་སོང་ནས་ཚན་ཞིབ་མི་སྣས་ཉེ་ལམ་ཞིབ་འཇུག་བྱས་པའི་གྲུབ་འབྲས་ལ་རྒྱུན་ལོན་ཞིབ་མོ་མཛད་ཅིང་། ཚྭ་མཚོའི་ཚན་རྩལ་གྲུབ་འབྲས་ལ་ལྟ་ཞིབ་བྱས་པ་དང་། ཀྲུང་གོའི་ཚྭ་མཚོའི་ཐོན་ཁུངས་དང་ཁོར་ཡུག་གཞི་གྲངས་མཛོད་འཛུགས་སྐྲུན་བྱས་པའི་གནས་ཚུལ་ལ་མཉན་པར་མ་ཟད། འབྲེལ་ཡོད་འགན་འཁུར་བློ་མཐུན་དང་ལས་དོན་སྒྲུབ་མཁན་དང་བརྗེ་རེས་བཞུགས་མོལ་བྱས།

ཞིན་ཁྲང་ཞིང་གིས་གསུང་དོན། ཚྭ་མཚོའི་ཐོན་ཁུངས་ནི་མཚོ་སྔོན་གྱི་ཧ་ཅང་གལ་ཆེ་བའི་ཐོན་ཁུངས་ཡིན་ལ། རང་བྱུང་ཁམས་ཆེན་པོས་མཚོ་བོད་མཐོ་སྒང་ལ་གནང་བའི་གཅེས་ནོར་ཡང་ཡིན་པར་མ་ཟད། རྒྱལ་ཁབ་ཀྱི་འཐབ་ཇུས་རང་བཞིན་གྱི་ཐོན་ཁུངས་ཀྱང་ཡིན། ཀྲུང་གོའི་ཚན་རིག་གླིང་མཚོ་སྔོན་ཚྭ་མཚོ་ཞིབ་འཇུག་ཁང་ནི་རང་རྒྱལ་གྱི་ཆེད་ལས་ཚྭ་མཚོ་ཞིབ་འཇུག་གི་ཚན་རིག་ཞིབ་འཇུག་གི་ལས་ཁུངས་ཁོ་ན་ཡིན་པ་དང་། མཐོ་སྒང་དུ་བཙུགས་ཤིང་མཚོ་སྔོན་དུ་འཕེལ་རྒྱས་འགྲོ་བཞིན་ཡོད་ལ། རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་དང་ནུས་ཁོངས་ཐོན་ཁུངས་བདེ་འཇགས་འགན་སྲུང་བྱེད་པ་སོགས་ཀྱི་ཐད་ལ་བྱས་རྗེས་ཆེན་པོ་བཞག་ཡོད། འཕེལ་རྒྱས་ཀྱི་དུས་སྐབས་གསར་པར་རྐང་འཛུགས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ཏུ་བསྟར་བ། འཕེལ་རྒྱས་ཀྱི་གནས་སྟངས་གསར་པ་གསར་སྐྲུན་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་མྱུར་དུ་འཛུགས་སྐྲུན་བྱེད་པའི་བརྒྱུད་རིམ་ཁྲོད་ཚྭ་མཚོ་ཞིབ་འཇུག་ཁང་ལ་ནུས་པ་ཆེན་པོ་འདོན་རྒྱུ་ཡོད་པ་དང་མདུན་ལྗོངས་རྒྱ་ཆེན་པོ་འདུག་ཅེས་གསུངས།

ཞིན་ཁྲང་ཞིང་གིས་གླེང་དོན། ལངས་གནས་མུ་མཐུད་དུ་མཐོར་འདེགས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཚན་རྩལ་གསར་གཏོད་སྐོར་གྱི་རྣམ་བཤད་གལ་ཆེན་རབ་དང་རིམ་པ་ཟུང་དུ་སྦྲེལ་ནས་སློབ་སྦྱོང་མྱོང་རྟོགས་དང་ཁོང་དུ་ཆུད་པར་བྱེད་ཅིང་། 《འཛམ་གླིང་རིམ་པའི་ཚྭ་མཚོ་ཐོན་ལས་རྟེན་གཞི་འཛུགས་པའི་འགུལ་སྐྱོད་ཇུས་གཞི》ལག་བསྟར་ལ་དམིགས་ནས། ཚན་རྩལ་གྱི་འཐབ་རར་རྐང་འཛུགས་པ་དང་། དགོས་མཁོ་དང་གནད་དོན་ཕྱོགས་སྟོན་དུ་འཛིན་པ་རྒྱུན་སྐྱོང་བ། ཚྭ་མཚོའི་ཐོན་ཁུངས་སྲུང་སྐྱོབ་དང་ཕྱོགས་བསྡུས་བེད་སྤྱོད་ཀྱི་གལ་ཆེའི་ཚན་རྩལ་གནད་དོན་ཐག་གཅོད་པ་འཇུག་བྱ་གཙོ་བོར་བྱེད་པ། ཚན་རྩལ་མཐུན་སྦྱོར་དང་གྲུབ་འབྲས་གཞན་སྒྱུར་ལ་མཐོང་ཆེན་བྱེད་པ། ཚན་རྩལ་ལམ་ལུགས་བཅོས་སྒྱུར་གྱི་གོམ་ཁ་ཇེ་མགྱོགས་སུ་གཏོང་བ། ཚོད་ལྟ་ཁང་གཙོ་བོ་འཛུགས་སྐྲུན་ལ་ཤུགས་སྣོན་པ། གསར་གཏོད་ཀྱི་གསོན་ཤུགས་བསླངས་ཏེ། ཚྭ་མཚོའི་ཐོན་ལས་འཕེལ་རྒྱས་ཀྱི་དཀའ་གནད་རིམ་པ་བཞིན་སེལ་དགོས་ཞེས་གསུངས།  

ཝང་ལི་མེན་རྟོག་ཞིབ་བྱ་བར་ཞུགས། །

རྩོམ་སྒྲིག་པ། གསང་བདག་རྒྱལ།

དཔྱད་མཆན 0 ཡོད།