བདེ་སྐྱིད་སྡེ་བས་ཤང་སྡེ་ཡུལ་སྐོར་གསར་སྤེལ་བྱས་ཏེ་མིང་བྱང་གསར་བ་འཕེལ་རྒྱས་བཏང་བ།

1.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དབྱར་གཞུང་འདིར། གསར་འགོད་པ་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་སྣང་ར་ཤང་བདེ་སྐྱིད་སྡེ་བར་སླེབས་ཤིང་། བདེ་སྐྱིད་སྡེ་བས་ས་བབ་ཀྱི་ལེགས་ཆར་བརྟེན་ནས། ཧུར་བརྩོན་གྱིས་དབུལ་སྐྱོར་ཡུལ་སྤོར་དང་གྲོང་གསེབ་དར་སྤེལ་འཐབ་ཇུས་ཕན་ཚུན་ཟུང་སྦྲེལ་བྱས་ཏེ། ཤང་སྡེའི་ཡུལ་སྐོར་དེ་སྣེ་ཁྲིད་དུ་གྱུར་བ་དང་། རིག་གནས་དང་འོད་ནུས་སོགས་ཐོན་ལས་ཀྱི་མཉམ་འདྲེས་གཏིང་ཟབ་ཀྱི་དབུལ་སྐྱོར་ཁྱད་ལྡན་ཐོན་ལས་གསོ་སྐྱོང་བྱས། ད་ལྟའི་བདེ་སྐྱིད་སྡེ་བ་ལ་སྤྲོ་འཆམ་ཐང་ཆེན་དང་གྲུ་ཁ། བྱེ་ཐང་། མེ་ཏོག་རྭ་བ། ཞིང་ཁྱིམ་སྤྲོ་སྐྱིད་ཁང་། ཁྱད་ལྡན་ཟས་རིགས་ཐང་ཆེན་སོགས་ཡུལ་སྐོར་ཐོན་ལས་ལས་གཞི་ཆ་ཚང་ཤིག་ཡོད་པས། ས་གནས་དེ་གའི་ཡུལ་སྐོར་འཕེལ་རྒྱས་ཀྱི་མིང་བྱང་གསར་བ་ཞིག་ཏུ་གྱུར་ཡོད། །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།