ཀྲའོ་ཡུའེ་ཞ་ཡིས་མཚོ་བྱང་ཁུལ་དུ་རྟོག་ཞིབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས9ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་དྲིལ་སྒྲོག་ཡི་པུའུ་ཀྲང་ཀྲའོ་ཡུའེ་ཞ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་དུ་སོང་ནས་དུས་རབས་གསར་བའི་དཔལ་ཡོན་ལག་ལེན་ལྟེ་གནས་དང་། རྫོང་རིམ་པའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་འཛུགས་སྐྲུན་འཁོར་རྒྱུག་གནས་ཚུལ་ལ་རྟོག་ཞིབ་བྱས།

ཧེ་ཡན་རྫོང་ཟུར་གསུམ་མཁར་སྡེ་ཁུལ་དུ། ཀྲའོ་ཡུའེ་ཞ་ཡིས་གཞིས་ཁུལ་དུས་རབས་གསར་བའི་དཔལ་ཡོན་ལག་ལེན་ལྟེ་གནས་ཀྱི་གཞུང་ལས་དང་བྱ་འགུལ་སྤེལ་སར་རྟོག་ཞིབ་བྱས་པ་དང་། དཔུང་ཁག་འཛུགས་སྐྲུན། བྱ་འགུལ་སྤེལ་བ། འཁོར་རྒྱུག་སྒྲིག་སྲོལ་སོགས་ཀྱི་ཐད་ཕན་འབྲས་ལྡན་པའི་སྒྲུབ་ཐབས་དང་ལག་ལེན་ཕན་འབྲས་ལ་རྒྱུས་ལོན་བྱས། ཀྲའོ་ཡུའེ་ཞ་ཡིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་རབས་གསར་བའི་དཔལ་ཡོན་ལག་ལེན་ལྟེ་གནས་འཛུགས་སྐྲུན་ཐད་ཀྱི་མཆན་བཀོད་དགོངས་དོན་གལ་ཆེན་དོན་འཁྱོལ་བྱེད་པ་དང་། རང་འགུལ་གྱིས“དར་ཆ་མཐོན་པོར་བསྒྲེང་བ་དང་། དམངས་སེམས་གཅིག་འདྲིལ།མི་གསོ་སྐྱོང་བྱེད་པ། རིག་གནས་དར་རྒྱས། སྣང་བརྙན་མངོན་པའི”ལས་འགན་ཕྲག་ཏུ་བླངས་ཏེ། མང་ཚོགས་ཀྱི་སྣེ་ཁྲིད་དང་ཐོན་ཁུངས་གཅིག་སྒྲིལ། དང་བླངས་ཞབས་ཞུ་སྤེལ་བ། སྟེགས་བུའི་བྱེད་ནུས་འདོན་སྤེལ་ཐད་ནུས་ཤུགས་བཏོན་ནས། དུས་རབས་གསར་བའི་དཔལ་ཡོན་ལག་ལེན་བྱ་འགུལ་གྱི་ནང་འགུག་ནུས་པ་དང་ཚེ་སྲོག་ནུས་པ་མཐོར་འདེགས་སུ་བཏང་ནས། མང་ཚོགས་ལ་དྲིལ་སྒྲོག་དང་མང་ཚོགས་ལ་སློབ་གསོ། མང་ཚོགས་ལ་ཞབས་འདེགས་ཞུ་བའི“མཇུག་མཐའི་ལེ་བར་གཅིག”ཤར་གཏོང་བྱེད་པར་འབད་བརྩོན་བྱེད་དགོས་ཞེས་བསྟན། 

ཧེ་ཡན་རྫོང་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ། ཀྲའོ་ཡུའེ་ཞ་ཡིས་ཡུལ་དངོས་ནས་ལྟེ་གནས་འཕྲུལ་ཆས་ཁང་དང་འཁྲབ་སྟོན་ལྟེ་གནས་སུ་སྒྲིག་སྦྱོར་གོ་རིམ་དང་ལེ་ཚན་སྒྲིག་བཀོད། སྟེགས་བུ་འཛུགས་སྐྲུན། ནང་དོན་ཐོན་སྐྱེད་སོགས་ཐད་ཀྱི་བྱ་བར་རྒྱུས་ལོན་བྱས་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་མཛུབ་སྟོན་དུ་བྱས་ཏེ། ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་རྒྱུན་འཁྱོངས་དང་གླེང་ཕྱོགས་ཁོང་དུ་ཆུད་པར་བྱེད་པ། བསམ་བློ་བཅིངས་འགྲོལ། དེ་མིན་གསར་གཏོད་བཅས་བྱས་ཏེ། བསྐྱར་དཔར་བྱེད་ཆོག་པ་དང་ཁྱབ་གདལ་བྱས་ཆོག་པ། དཔྱད་གཞི་རུ་འཛིན་ཆོག་པའི་ཉམས་མྱོང་འཚོལ་ཞིབ་བྱས་ཏེ། སྣེ་ཁྲིད་དང་གཅིག་སྒྲིལ། ཞབས་ཞུ་བཅས་ཀྱི་ཕྱོགས་ནས་ཤུགས་བསྣན་ཏེ།  དྲང་ནུས་དར་སྤེལ་དང་སྙིང་སྟོབས་དར་སྤེལ་དུ་གཏོང་དགོས་ཞེས་བསྟན།  །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།