མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་རི་སྐྱེས་སྲོག་ཆགས།

2.jpg

3.jpg

པར་འདི་ནི་མདོ་ལ་རི་བོའི་རི་སྐྱེས་སྲོག་ཆགས་སྦྲེ་རེད། 

4.jpg

པར་འདི་ནི་མདོ་ལ་རི་བོའི་འཁྱམས་རོམ་རེད།

5.jpg

པར་འདི་ནི་མདོ་ལ་རི་བོའི་དབྱར་དུས་ཀྱི་འབྲོག་ས་རེད།

6.jpg

པར་འདི་ནི་རི་སྐྱེས་སྲོག་ཆགས་གཡུ་དཀར་གཉིས་རེད།

7.jpg

པར་འདི་ནི་རི་སྐྱེས་སྲོག་ཆགས་སྦྲེ་རེད།

8.jpg

པར་འདི་ནི་འགྲེམས་སྟོན་ཁང་གི་ལྟད་མོ་བ་གཉིས་རེད།

10.jpg

པར་འདི་ནི་རི་སྐྱེས་སྲོག་ཆགས་གཙོད་རེད།

11.jpg

པར་འདི་ནི་མདོ་ལ་རི་བོའི་འདབས་ཀྱི་ལུག་ཁྱུ་རེད།

12.jpg

པར་འདི་ནི་རི་སྐྱེས་སྲོག་ཆགས་གསའ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར“མདོ་ལ་རི་བོ——ང་ཚོའི་ཁྱིམ་གཞིས”ཞེས་པའི་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཡུག་ཁུལ་སྐྱེ་ཁམས་སྒྱུ་རྩལ་འགྲེམས་སྟོན་སྐབས་དང་པོ་དེ་མཚོ་སྔོན་ཞིང་ཆེན་རིག་གནས་ཁང་དུ་སྤེལ་ཞིང་། ཐེངས་འདིའི་སྒྱུ་རྩལ་འགྲེམས་སྟོན་ལ་གཟུགས་བརྙན་གྱི་མདོ་ལ་རི་བོ་དང་། མདོ་ལ་རི་བོ་རུ་བསྐྱོད་པ། འཚར་ལོངས་བྱུང་བཞིན་པའི་མདོ་ལ་རི་བོ། གཟུགས་འདས་ཤུལ་བཞག་རིག་གནས་གྱི་མདོ་ལ་རི་བོ་ཞེས་པའི་བརྗོད་བྱ་གཙོ་བོ་བཞི་རུ་བཀར་ཞིང་། ཕུན་སུམ་ཚོགས་པའི་སྒྱུ་རྩལ་བརྩམས་ཆོས་ལ་མི་རྣམས་ཀྱི་དགའ་བསུ་ཆེན་པོ་ཐོབ་པ་མ་ཟད། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཡུག་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་ཐད་བླངས་པའི་གྲུབ་འབྲས་གཡུར་དུ་ཟ་བའང་མཚོན་ཡོད།

མདོ་ལ་རི་བོ་ནི་རང་རྒྱལ་གྱི་སྐྱེ་དངོས་སྣ་མང་རང་བཞིན་སྔོན་ལ་སྲུང་སྐྱོང་བྱེད་པའི་ས་ཁོངས་ཀྱི་གྲས་ཤིག་ཡིན་པའི་ཆ་ནས་སྐྱེ་ཁམས་ཁུལ་གྱི་གནས་བབ་ཤིན་ཏུ་གལ་ཆེ་ལ། ལྟ་ཞིབ་ཚད་ལེན་གཞི་གྲངས་ལས་མངོན་པ་ལྟར་ན། 2020ལོའི་ལོ་མཇུག་བར་དུ་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཡུག་ཁུལ་གྱི་རི་སྐྱེས་སྒལ་རུས་ཅན་གྱི་སྲོག་ཆགས་རིགས252ཟིན་པའི་ཁྲོད་རི་དྭགས་གསའ་ཡི་གྲངས་ཀ105སླེབས་པ་དང་། ལྟ་ཞིབ་ཚད་ལེན་གྱི་ཆུ་ཚད་མཐོ་རུ་ཕྱིན་པ་དང་བསྟུན་འཕར་སྤྱང་དང་རྩྭ་གཡུ། དཀར་གཡུ་སོགས་ཀྱི་དཀོན་པའི་སྐྱེ་དངོས་རིགས་ཀྱང་མངོན་པ་དེས་མདོ་ལ་རི་བོའི་སྐྱེ་དངོས་རིགས་ཀྱི་སྣ་མང་རང་བཞིན་མཚོན་ཡོད། བརྗིད་ཉམས་ལྡན་པའི་ཕ་བོང་དང་རི་ཀླུང་། མི་རིགས་སོ་སོ་མདོ་ལ་རི་བོའི་འདབས་སུ་སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་བསྒྲིལ་བའི་འཆམ་མཐུན་མཉམ་གནས་དང་མཐུན་སྒྲིལ་བརྩེ་ལྡན་གྱིས་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་སྐྱེ་ཁམས་དཔལ་ཡོན་འཚོལ་ཞིབ་བྱེད་པས་སྐྱེས་སྟོབས་ཀྱི་དཔལ་རབ་ཏུ་རྒྱས་པའི་རྣམ་པ་གསར་བ་ཞིག་མངོན་ཡོད།

ལོ་རྒྱུས་ཀྱི་དུས་སྐབས་གསར་བ་འདིར་མདོ་ལ་རི་བོའི་འདབས་སུ་འཚོ་སྡོད་བྱེད་བཞིན་པའི་མི་རིགས་སོ་སོས“རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན”ཞེས་པའི་འདུ་ཤེས་ཟབ་མོ་བཅངས་ཏེ་སྲུང་སྐྱོང་ལམ་ལུགས་གསར་བ་བསྟུན་པ་བརྒྱུད་ཧུར་ཐག་གིས་མདོ་ལ་རི་བོ་དེ“མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོང་གནས་དང་། མཐོ་སྒང་གི་སྐྱེ་ཁམས་ཚན་ཞིབ་གནས། མཐོ་སྒང་གི་སྐྱེ་ཁམས་རིག་གནས་ཁུལ”བཅས་ཀྱི་མཐོ་སྒང་གི་ཆེན་པོ་གསུམ་དམིགས་འབེན་དུ་བརྩིས་ནས། བྱ་སྤྱོད་དངོས་བརྒྱུད་དེ་མདོ་ལ་རི་བོ་སྲུང་སྐྱོང་དང་མཛེས་སྡུག་ཁྱིམ་གཞིས་སྲུང་སྐྱོང་བྱེད་པའི་སྤྲོ་སེམས་སྐུལ་སྤེལ་བྱས་པ་རེད། །

རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

དཔྱད་མཆན 0 ཡོད།