མིན་ཧོ་རྫོང་གིས་སྟོབས་ཤུགས་ཡོད་རྒུས་མཚོ་སྔོན་ཤར་གྱི་སྒོ་ཆེན་གྱི་བདེ་འཇགས་ལྕགས་རི་སྲ་བརྟན་དུ་བཏང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་གྱི་པྲོག་གསར་གློ་ཚད་རིམས་ནད་འགོག་བཅོས་ཚོད་འཛིན་བཀོད་སྒྲིག་བྱ་བའི་བཀོད་འདོམས་པུའུ་ཡི་སྤྱི་བསྒྲགས་དགོངས་དོན་ལྟར། མཚོ་ཤར་གྲོང་ཁྱེར་མིན་ཧོ་ཧའེ་རིགས་ཧོར་རིགས་རང་སྐྱོང་རྫོང་གིས་དུས་ཚོད་དང་པོའི་ནང་འགོག་བཅོས་ཚོད་འཛིན་མ་ལག་སྐུལ་སྤེལ་བྱས་ཏེ། འབྲེལ་ཡོད་སྡེ་ཁག་ནས་སྟོབས་ཤུགས་བསྡུ་སྒྲིག་བྱས་ནས། ལན་ཀྲོའུ་ནས་ཟི་ལིང་བར་གྱི་མྱུར་བགྲོད་གཞུང་ལམ་མཱ་ཁྲང་ཡོན་ཞབས་ཞུ་ས་ཁུལ་དང་། ལེན་ཧྭ་ཐའེ་གྲོན་བསྡུ་ས་ཚིགས་སུ་ཞིབ་བཤེར་ས་ཚིགས་བཀོད་སྒྲིག་བྱས་ཏེ། མཉམ་འབྲེལ་སྒོས་འགོག་སྲུང་དང་ཚོད་འཛིན་འགན་འཁྲི་དོན་འཁྱོལ་དང་། བདེ་ཐང་རྩ་གཉིས་ཨང་བཤེར་ལག་བསྟར། དེ་མིན་ལམ་གྱི་ཨང་བཤེར་གཉིས་ཀྱི་དཔང་ཡིག་སྒྲིག་སྲོལ་ལག་བསྟར་བྱས་ཏེ། མཚོ་སྔོན་ཤར་གྱི་སྒོ་ཆེན་གྱི་ཕྱི་ནས་ནང་མཆེད་འགོག་པ་དང་ནང་ནས་ལྡོག་འཕར་འགོག་པའི་འགག་སྒོ་བརྟན་སྲུང་བྱས།  །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།