མཚོ་སྔོན་ཞིང་ཆེན་གྱི་འཛད་སྤྱོད་པས་རླངས་འཁོར་ཉོས་ན་སྒོར2000ཡི་ཁ་གསབ་དངུལ་བླངས་ཆོག

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རླངས་འཁོར་རེ་ལ་ཁ་གསབ་སྒོར2000དང་བྱེད་སྒོར་མི་གྲངས5000ཡི་སྐལ་ཡོད། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། “མཚོ་སྔོན་གྱི་གྲོགས་པོར་ལག་སྐྱེས་བྱིན་ནས། ཁྱིམ་ཚང་ཁྲི་ལ་ཕན་ཁེ་བསྐྲུན”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི2021ལོའི་མཚོ་སྔོན་ཞིང་ཆེན་གྱིས་དམངས་ཕན་ལ་བརྟེན་ནས་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱེད་སྒོ། ཟླ7པའི་ཚེས31ཉིན་མགོ་བརྩམས་པ་ནས་བཟུང་དོ་ཁུར་ཆེན་པོ་བྱས་པ་དང་། བྱེད་སྒོའི་སྟེང་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་མ་དངུལ་སྒོར་ཁྲི1800བཏང་བའི་ནང་རླངས་འཁོར་ཉོ་བའི་ཁ་གསབ་ལ་སྒོར་ཁྲི1000ཡོད་པ་རེད།

རླངས་འཁོར་འཛད་སྤྱོད་འཛིན་ཤོག་དེ་ཇི་ལྟར་བྱས་ནས་ལེན་པ་དང་། རླངས་འཁོར་རིགས་གང་དག་ལ་སྤྱོད་དགོས་སམ། གསར་འགོད་པས་ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་བྱེད་སྒོར་ཁྱོན་བསྡོམས་པས་མི་གྲངས5000ཡོད་པ་དང་། རླངས་འཁོར་རེར་ཁ་གསབ་སྒོར2000ཡོད་ལ། བྱེད་སྒོའི་དུས་ཚོད་ནི་ཟླ7པའི་ཚེས31ཉིན་ནས་ཟླ9པའི་ཚེས30ཉིན་བར་རེད། རླངས་འཁོར་འཛད་སྤྱོད་འཛིན་ཤོག་སྤྲོད་པའི་ཐད“སྔོན་ལ་རླངས་འཁོར་ཉོ་བ་དང་། རྗེས་སུ་རེ་ཞུ”བྱས་ནས་འཛད་སྤྱོད་པས4Sཚོང་ཁང་ནང་སྤྲིན་འཁྱུགAppཡི་ཨང་བཤེར་ཉོ་ཚོང་བརྒྱུད་ནས་ཁ་གསབ་རེ་ཞུའི་ཐོབ་ཐང་ལེན་པ་དང་། དེ་ནས་སྤྲིན་འཁྱུག་སྟེང་ནས་དོན་དངོས་ཀྱིས་རླངས་འཁོར་ཉོ་བའི་ཆ་འཕྲིན་བསྐུར་དགོས། ཞིབ་དཔྱད་ཆོག་མཆན་ཐོབ་རྗེས། རླངས་འཁོར་ཉོ་བའི་ཁ་གསབ་སྒོར2000དེ་འཛད་སྤྱོད་མཁན་ལ་བཏང་བའི་གཡར་ཐོའི་རྩིས་ཁྲའི་བྱང་བུའི་སྟེང་སྤྲོད་ངེས་རེད།

དོ་སྣང་བྱེད་དགོས་པ་ཞིག་ལ་འཛད་སྤྱོད་མཁན་གྱི་སྤྲིན་འཁྱུག་དངུལ་སྤྲོད་ཉོ་ཚོང་དང་། ཐོབ་ཐང་ལག་ཁྱེར། འཕྲུལ་སྒུལ་འཁོར་རིགས་རླངས་འཁོར་ཉོས་པའི་འཛིན་ཤོག དཔྱ་ཁྲལ་འཇལ་རྗེས་ཀྱི་ངོ་སྤྲོད། དངུལ་ཁང་གི་བྱང་བུ། སྐྱོད་ཆོག་པའི་ལག་ཁྱེར་སོགས་རེ་ཞུའི་ཡིག་རིགས་ཁག་གི་བདག་པོ་ཚང་མ་རེ་འདུན་ཞུ་མཁན་རང་ཉིད་ཡིན་དགོས་པ་དང་། རེ་ཞུ་བྱེད་མཁན་མི་རེ་ངོ་རེར་བྱེད་སྒོའི་ནང་ཁ་གསབ་རེ་ཞུ་ཐེངས་གཅིག་ལས་བྱེད་མི་ཆོག

བྱེད་སྒོའི་ཇུས་གཞིའི་བླང་བྱ་གཞིར་བཟུང་། ད་ཐེངས་ཀྱི་རླངས་འཁོར་འཛད་སྤྱོད་འཛིན་ཤོག་དེ་འཛད་སྤྱོད་པ་དཀྱུས་མའི་མི་སྒེར་གྱི་མིང་ཐོག་ནས་ཉོས་པའི་འདུག་སྟེགས་བདུན་ཅན་དང་དེའི་མན་གྱི་ཁྱིམ་སྤྱོད་འབར་སྣུམ་རླངས་འཁོར་ཁོ་ནར་སྤྱད་ཆོག (དེའི་ནང་ནུས་རྒྱུ་གསར་པའི་ཨང་བྱང་ལྗང་ཁུ་ཅན་གྱི་རླངས་འཁོར་དང་། ལག་བརྒྱུད་རླངས་འཁོར། ཕིས་ཁ། སྐྱེལ་འདྲེན་རླངས་འཁོར་ཆུང་བ། སྐྱེལ་འདྲེན་རླངས་འཁོར། བཟོ་གྲྭའི་འཕྲུལ་ཆས། ཞིང་སྤྱོད་འཕྲུལ་ཆས་སོགས་ཁྱད་པར་ཅན་གྱི་རླངས་འཁོར་གྱི་རིགས་དང་འགྲུལ་སྐྱེལ་རླངས་འཁོར་ཚུད་མེད་པ་མ་ཟད། ལས་ཁུངས་ཀྱི་རླངས་འཁོར་དང་ལས་ཁུངས་མིང་ཐོག་ནས་ཉོས་པའི་རླངས་འཁོར་སོགས་ཀྱང་ཚུད་མེད།) 

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།