《མཚོ་སྔོན་ཞིང་ཆེན་གྱི་ཆོས་ལུགས་ལས་དོན་སྲོལ་ཡིག》ཟླ10བའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས5ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གཞུང་ལས་ཐིང་ནས་རྒྱུས་ལོན་པ་ལྟར་ན།《མཚོ་སྔོན་ཞིང་ཆེན་གྱི་ཆོས་ལུགས་ལས་དོན་སྲོལ་ཡིག》(གཤམ་དུསྲོལ་ཡིག》ཅེས་བསྡུས་ཡོད)ཟླ10བའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད།

རྒྱུས་ལོན་པ་ལྟར་ན། སྲོལ་ཡིག》ལ་སྤྱིའི་རྩ་དོན་དང་། ཆོས་ལུགས་ཚོགས་ཁག ཆོས་ལུགས་སློབ་གླིང་། ཆོས་ལུགས་བྱ་འགུལ་སྤེལ་ཡུལ། ཆོས་ལུགས་འཆད་ཁྲིད་དང་ལས་བཟོ་མི་སྣ། ཆོས་ལུགས་བྱ་འགུལ། ཆོས་ལུགས་རྒྱུ་ནོར། ཁྲིམས་ལུགས་འགན་འཁྲི། ཞར་བྱུང་དོན་ཚན་བཅས་བསྡོམས་པས་ལེའུ་དགུ་དང་དོན་ཚན་དོན་གཅིག་ཡོད། ནང་དོན་ལ་ཕྱོགས་ཡོངས་ནས་ཏང་གི་ཆོས་ལུགས་བྱ་བའི་འཐབ་ཕྱོགས་སྲིད་ཇུས་ལག་ལེན་མཐར་ཕྱིན་བྱེད་པ་དང་། སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་དང་གཞི་རིམ་མང་ཚོགས་རང་བཞིན་གྱི་རང་སྐྱོང་རྩ་འཛུགས་ཀྱི་འགན་འཁྲི་འཐུས་ཚང་དུ་གཏོང་བ། ཆོས་ལུགས་ལས་དོན་གྱི་གཙོ་གཞི་སོ་སོས་བྱེད་ནུས་འདོན་སྤེལ་བྱེད་པར་མཐོང་ཆེན་གནང་བ་བཅས་ཚུད་ལ། དེ་དང་ཆབས་ཅིགསྲོལ་ཡིག》ཁྲོད་ཆོས་ལུགས་བྱ་འགུལ་གྱི་བྱེ་བྲག་གི་བླང་བྱ་གཏན་འབེབས་གསལ་བོ་བྱས་ཡོད་ཅིང་། ཆོས་ལུགས་རྒྱུ་ནོར་གྱི་འབྲེལ་ཡོད་གཏན་འབེབས་ཞིབ་ཕྲ་དང་འཐུས་ཚང་དུ་བཏང་སྟེ། འབྲེལ་ཡོད་ཀྱི་ཁྲིམས་ལུགས་འགན་འཁྲི་ཁ་གསབ་འཐུས་ཚང་དུ་བཏང་ཡོད།

མཚོ་སྔོན་ཞིང་ཆེན་དམངས་ཆེན་ཁྲིམས་སྐྱོང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པའི་ཨུ་ཡོན་ནམ། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་སྐྱོང་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཡོན་ལིན་གྱིས་ངོ་སྤྲོད་བྱས་པ་ལྟར་ན། སྲོལ་ཡིག》གཏན་འབེབས་བྱས་ནས་དངོས་སུ་བཏོན་པ་དེས་བཟོ་བཅོས་བྱས་རྗེས་ཀྱི་རྒྱལ་སྲིད་སྤྱི་ཁྱབ་ཁང《ཆོས་ལུགས་ལས་དོན་སྲོལ་ཡིག》ལག་ལེན་མཐར་ཕྱིན་དང་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་ཐུབ་པ་མ་ཟད། སྤྱི་དམངས་ཀྱི་ཆོས་ལུགས་དད་མོས་རང་དབང་གི་དབང་ཆར་སྔར་ལས་ལྷག་པར་འགན་སྲུང་བྱེད་པ། མཚོ་སྔོན་ཞིང་ཆེན་གྱི་ཆོས་ལུགས་ལས་དོན་དོ་དམ་བྱ་བ་ཁྲིམས་ལྟར་ཚད་ལྡན་དུ་གཏོང་བ། ཆོས་ལུགས་འཆམ་མཐུན་དང་སྤྱི་ཚོགས་འཆམ་མཐུན་སྲུང་སྐྱོང་ཏན་ཏིག་བྱེད་པ། ཞིང་ཆེན་ཡོངས་ཀྱི་ཆོས་ལུགས་ལས་དོན་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་ཇེ་མཐོར་གཏོང་བར་རྩ་བའི་གཞི་འཛིན་ས་འདོན་སྤྲོད་བྱེད་པ་བཅས་ཀྱི་ཕན་ནུས་ལྡན་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།