ཟི་ལིང་གྲོང་ཁྱེར་གྱི་མེ་འཁོར་འབབ་ཚུགས་ཀྱི་བརྡ་ཐོ་གསར་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རང་བྱུང་གནོད་འཚེའི་དབང་གིས། གཤམ་གྱི་མེ་འཁོར་དག་བསྐྱོད་མཚམས་བཞག་པ་ཡིན། 

2021ལོའི་ཟླ8པའི་ཚེས7ཉིན་ནས་ཚེས15བར། ཟི་ལིང་ནས་བསྐྱོད་མགོ་བརྩམ་པའིZ274ཅན་གྱི་མེ་འཁོར།

2021ལོའི་ཟླ8པའི་ཚེས7ཉིན་ནས་ཚེས21ཉིན་བར། ཟི་ལིང་ནས་བསྐྱོད་མགོ་བརྩམ་པའིK178ཅན་གྱི་མེ་འཁོར།

2021ལོའི་ཟླ8པའི་ཚེས7ཉིན་ནས་ཚེས31ཉིན་བར། ཟི་ལིང་ནས་བསྐྱོད་མགོ་བརྩམ་པའིK2188དངZ378དངK1060ཅན་གྱི་མེ་འཁོར།

2021ལོའི་ཟླ8པའི་ཚེས7ཉིན་ནས་ཚེས30ཉིན་བར། ཟི་ལིང་ནས་བསྐྱོད་མགོ་བརྩམ་པའིZ152ཅན་གྱི་མེ་འཁོར།

2021ལོའི་ཟླ8པའི་ཚེས8ཉིན་ནས་ཚེས30ཉིན་བར། ཟི་ལིང་ནས་བསྐྱོད་མགོ་བརྩམ་པའིT338ཅན་གྱི་མེ་འཁོར།

2021ལོའི་ཟླ8པའི་ཚེས7ཉིན་ནས་ཚེས15ཉིན་བར། ཟི་ལིང་ནས་བསྐྱོད་མགོ་བརྩམ་པའིZ166དངZ266ཅན་གྱི་མེ་འཁོར།

ལྕགས་ལམ་སྡེ་ཁག་གིས་རྒྱ་ཆེ་བའི་འགྲུལ་བཞུད་པར་གསལ་བརྡ་བཏང་བར། སྐྱེལ་འདྲེན་བྱེད་མཚམས་འཇོག་མིན་གྱི་ཞིབ་ཕྲའི་གནས་ཚུལ་ལ་རྒྱུས་ལོན་བྱེད་པར་དུས་ཐོག་ཏུ་རླངས་འཁོར་འབབ་ཚུགས་ཀྱི་གསལ་བརྡ་ལ་དོ་ཁུར་བྱེད་པ་དང་། ཡང་ན་ཨང་རྟགས12306ལ་ཁ་པར་བཏང་ནས་དྲིས་ཀྱང་ཆོག གོང་གསལ་གྱི་རླངས་འཁོར་པ་སེ་ཉོས་ཡོད་པའི་འགྲུལ་བཞུད་པས། ཉིན30རིང་ལ་རྒྱལ་ཡོངས་ཀྱི་རླངས་འཁོར་འབབ་ཚུགས་ཀྱི་པ་སེ་ཕྱིར་སློག་པའི་སྟེགས་བུ་གང་རུང་དང་། ཡང་ན་ཨང་རྟགས12306ལ་ཁ་པར་བཏང་ནས་རིན་མེད་ངང་པ་སེ་ཕྱིར་སློག་པའི་འགྲོ་ལུགས་བསྒྲུབ་ཆོག ཁྱེད་རང་ལ་བར་ཆད་བཟོས་པར་འབྲེལ་ཡོད་སྡེ་ཁག་གིས་ལྷག་བསམ་རྣམ་དག་གིས་དགོངས་དག་ཞུས་པ་ཡིན།  །

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།