ཀོས་ནན་རྫོང་གིས་ཏང་འཛུགས་སྐྲུན་གྱིས་སྣེ་ཁྲིད་པ་རྒྱུན་འཁྱོངས་བྱས་ཏེ་གཞི་རིམ་གྱི་བཅོས་སྐྱོང་ནུས་པ་དང་ཆུ་ཚད་ཁྱོན་ཡོངས་ནས་མཐོར་འདེགས་བཏང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོའི་ཚུན་དུ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀོས་ནན་རྫོང་གིས་ཏང་འཛུགས་སྐྲུན་གྱིས་སྣེ་ཁྲིད་དང་། གཞི་རིམ་གྱི་ཏང་འཛུགས་སྐྲུན་བྱ་བར་ཏན་ཏིག་གིས་སྐུལ་འདེད་བྱེད་པ། གཞི་རིམ་གྱི་ཏང་རྩ་འཛུགས་རང་སྟེང་ནས་ཐག་གཅོད་དཀའ་བའི་དངོས་ཡོད་དཀའ་ངལ་ཐག་གཅོད་པ། བཅོས་སྐྱོང་ནུས་པ་ཇེ་དྲག་དང་མཐོར་འདེགས་གཏོང་བ། འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་དེ་བཙན་རྫོང་བརྟན་འཛུགས་དང་དཔུང་སྡེ་མཐོར་འདེགས་གཏོང་བར་ཕྱོགས་པ། དབུལ་ཐར་འགག་སྒྲོལ་ལ་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ་དང་གྲོང་གསེབ་དར་སྤེལ་ལ་མཐུད་སྦྲེལ་ནུས་ལྡན་བྱེད་པར་སྣེ་ཁྲིད་པ་བཅས་བྱས་ཏེ། ཏང་འཛུགས་སྐྲུན་གྱིས་སྣེ་ཁྲིད་འཕེལ་རྒྱས་ཐད་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་བླངས།

རྫོང་དང་ཞང་། སྡེ་བ་བཅས་རིམ་པ་གསུམ་གྱི“མགོ་ཁྲིད་དང་པོ”ཡི་བསམ་བློའི་ཐུན་མོང་ངོས་ཟིན་གོང་བུར་སྒྲིལ་བ་དང་སྐུལ་འདེད་སྒྲིལ་ཤུགས་ཇེ་དྲག་ཏུ་བཏང་སྟེ། ཞང་དང་སྡེ་བའི་ལེགས་སྐྱོང་ལམ་བུ་རྒྱུན་ཆད་མེད་པར་ཇེ་ལེགས་སུ་འགྲོ་བར་སྐུལ་འདེད་བྱས། རྫོང་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་དང་རྫོང་དཔལ་ཡོན་ལག་ལེན་ལྟེ་གནས་གཉིས་འཛུགས་སྐྲུན་བྱེད་པ་གོ་སྐབས་ཤིག་ཏུ་བརྩིས་ཏེ། སྡེ་བ(སྡེ་ཁུལ)དང་དཔལ་ཡོན་ལག་ལེན་ས་ཚིགས(ཁང)38འཛུགས་སྐྲུན་ལེགས་འགྲུབ་བྱུང་བ་དང་། ཏང་ཡོན་བྱ་འགུལ་ཁང་དང་ཀུན་སྤྱོད་སློབ་ཁང་། སྡེ་བའི་ལོ་རྒྱུས་འགྲེམ་སྟོན་ཁང་དང“1+4”ཏང་གཤིས་སློབ་གསོ་རྟེན་གཞི་སོགས་གཡུལ་ས་གཙོ་བོ་བྱས་ཏེ། ལས་བྱེད་པ་དང་མང་ཚོགས་མི་ཐེངས་ཁྲི3.2ལ་སློབ་གསོ་ཐོབ། ཐོན་ཁུངས་དང་ས་ཁོངས་ཀྱི་དགེ་མཚན་ལ་བརྟེན་ནས། ཐོན་ལས་དབུལ་སྐྱོར་བྱེད་ཤུགས་རྒྱུན་མཐུན་སྒོས་ཇེ་ཆེར་བཏང་བ་དང་། ཞིང་སྡེའི་ཐུན་མོང་ཐོན་དབང་ལམ་ལུགས་བཅོས་བསྒྱུར་ལ་ཧུར་ཐག་གིས་སྐུལ་འདེད་བྱས་ལ། སྡེ་བ75ལ་མ་རྐང་ལམ་ལུགས་ཀྱི་དཔལ་འབྱོར་མཉམ་ལས་ཁང་བཙུགས་ཏེ། དབུལ་ཕོངས་ཁྱིམ་ཚང་གི“མི་རེར་ནོར་རེ་དང་མི་རེར་ལུག་བཅུ་རེ་ཡོད”པའི་ཐོན་ལས་ལས་གཞི་ཡིས་དབུལ་ཐར་འགག་སྒྲོལ་གྲུབ་འབྲས་སྲ་བརྟན་དང་མཐོར་འདེགས་གཏོང་བར་མུ་མཐུད་དུ་རམ་འདེགས་བྱས།

དམངས་དོན་དམངས་ཀྱིས་གྲོས་བྱེད་པ་དང་དམངས་ཀྱིས་སྒྲུབ་པ་དང་དམངས་ཀྱིས་གཉེར་བའི་རྩ་དོན་དང་ཐུན་ཆོས་རྒྱུན་འཁྱོངས་དང་རང་མཚན་གཙོ་བོ་ཡིན་པ། གནད་དོན་ལ་དམིགས་པ་དང་གཅིག་བསྡུས་གསར་སྐྲུན་ཀྱི་བླང་བྱ་ལྟར། རྫོང་ཡོངས་ཀྱི་ཁྱབ་ཁོངས་སུ་ཏང་རྩ་འཛུགས་ཀྱི་མགོ་ཁྲིད་ཀྱིས“གྲོས་མཐུན་གསུམ་དང་ལམ་ལུགས་གཉིས”བཟོ་བཅོས་དང་སྒྲིག་བཟོ་གཏན་འབེབས་བྱས་པར་མ་ཟད། སྡེ་མི་རང་སྐྱོང་མ་ལག་འཛུགས་སྐྲུན་གྱི“སྡེབ་གཅིག”བཟོ་འགོད་ནང་བཞག་སྟེ། ཁྲིམས་ལྟར་རྫོང་སྐྱོང་བའི་འདུ་ཤེས་རྒྱུན་འཁྱོངས་བྱས་པ་དང་། “དམངས་གཙོ་ཁྲིམས་སྐྱོང་གི་དཔེ་སྟོན་སྡེ་བ”གསར་སྐྲུན་བྱེད་པའི་བྱ་འགུལ་འཛིན་ལུང་དུ་བྱས་ཏེ། ཞིང་སྡེའི་ཁྲིམས་སྐྱོང་ལ་སྐུལ་འདེད་གཏིང་ཟབ་བྱས། ལས་རིགས་བཅུ་གཅིག་གི་གནད་དོན་གཙོ་བོ་བཅོས་སྐྱོང་བྱེད་ཤུགས་ཇེ་དྲག་ཏུ་བཏང་བ་དང་། ཞིང་སྡེའི་བཅོས་སྐྱོང་ཚན་རིག་ཅན་དང་ཆ་འཕྲིན་ཅན་དུ་འགྱུར་བར་ཁྱོན་ཡོངས་ནས་སྐུལ་འདེད་བྱས་ཏེ། དྲ་མིག229དང་དྲ་མིག་དོ་དམ་པ293གྱི་ཀོས་ནན་རྫོང་ཕྱོགས་བསྡུས་བཅོས་སྐྱོང་གཞི་གྲངས་ཆེན་མོའི་བཀོད་འདོམས་ལྟེ་གནས་བསྐྲུན་པ་དང་། གཞི་རིམ་ཁྲིམས་སྐྱོང་གི་འགན་སྲུང་བགྲོད་ལམ་འཐུས་ཚང་ཞིག་བསྐྲུན་པར་མ་ཟད། རོང་འབྲོག་ཁུལ་གྱི་གཞི་རིམ་ཁྲིམས་སྐྱོང་ནུས་པ་འཛུགས་སྐྲུན་བྱེད་པའི་མཇུག་མཐའི་སྤྱི་ལེ་གཅིག་གི་ལམ་བུ་ཡང་གསར་དུ་བཏོད། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།