ཝང་ཏིང་པང་གིས་མཚོ་ནུབ་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅིེའི་འགན་བཞེས།

WechatIMG516.jpeg

བློ་མཐུན་ཝང་ཏིང་པང་གི་ལོ་རྒྱུས་མདོར་བསྡུས། 

ཝང་ཏིང་པང་། ཕོ། རྒྱ་རིགས། 1964ལོའི་ཟླ8པར་སྐྱེས་ཤིང་། ཧྲན་ཞི་ཞིང་ཆེན་ཞི་ཨན་གྲོང་ཁྱེར་གྱི་མི་ཡིན་པ་དང་། 1995ལོའི་ཟླ1པོར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། བསླབ་གནས་རྩོམ་རིག་ཤེས་རམས་པ་རེད། ད་ལྟ་མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅིའི་འགན་བཞེས། 

1997ལོའི་ཟླ4བར། མཚོ་སྔོན་ཞིང་ཆེན་ལས་ཁུངས་སྒྲིག་ཁོངས་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་ཁྲུའུ་གཉིས་པའི་ཁྲུའུ་ཀྲང་གཞོན་པའི་འགན་བཞེས།

1998ལོའི་ཟླ10བར། མཚོ་སྔོན་ཞིང་ཆེན་ངལ་རྩོལ་མི་དོན་ཐིང་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པའི་འགན་བཞེས།

2001ལོའི་ཟླ3པར། མཚོ་སྔོན་ཞིང་ཆེན་མི་དོན་ཐིང་གཞུང་ལས་ཁང་གི་ཀྲུའུ་རེན་གྱི་འགན་བཞེས།

2002ལོའི་ཟླ4བར། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གཞུང་ལས་ཐིང་གི་དྲུང་ཡིག་ཁྲུའུ་དང་པོའི་ཁྲུའུ་རིམ་པའི་དྲུང་ཡིག་ཆེན་མོའི་འགན་བཞེས།

2004ལོའི་ཟླ5བར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་གཞུང་ལས་ཐིང་རྒྱུན་ལས་ཨུ་ཡོན་གཞུང་ལས་ཁང་ཁྲུའུ་རིམ་པའི་དྲུང་ཡིག་ཆེན་མོའི་འགན་བཞེས།

2005ལོའི་ཟླ5བར། མཚོ་སྔོན་ཞིང་ཆེན་མི་དོན་ཐིང་གི་ཐིང་ཀྲང་གཞོན་པའི་འགན་བཞེས། 

2008ལོའི་ཟླ9བར། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་གཞོན་པའི་འགན་བཞེས། 

2013ལོའི་ཟླ3པར། མཚོ་སྔོན་ཞིང་ཆེན་བཟོ་ཚོང་སྲིད་འཛིན་དོ་དམ་ཅུའུ་ཡི་ཅུའུ་ཀྲང་དང་ཏང་ཙུའི་ཧྲུའུ་ཅིའི་འགན་བཞེས།

2017ལོའི་ཟླ1པོར། མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་དང་ཏང་ཙུའི་ཧྲུའུ་ཅིའི་འགན་བཞེས།

2018ལོའི་ཟླ5བར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡི་པུའུ་ཀྲང་གཞོན་པ་དང་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གི་ཐིང་ཀྲང་དང་ཏང་ཙུའི་ཧྲུའུ་ཅིའི་འགན་བཞེས།

2021ལོའི་ཟླ3པར། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའི་ཁོངས་མི་དང་དྲུང་ཡིག་ཆེན་མོ། གཞུང་ལས་ཐིང་གི་ཏང་ཙུའི་ཧྲུའུ་ཅི་དང་ཀྲུའུ་རེན་བཅས་ཀྱི་འགན་བཞེས།

2021ལོའི་ཟླ8བར། མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅིའི་འགན་བཞེས།  །

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།