ཀྲུང་གོ་ས་གཤིས་སློབ་ཆེན་དང་དཔའ་ལུང་རྫོང་གིས“གྲོང་གསེབ་དར་སྤེལ་གྱི་ཀྲུང་གོ་ས་གཤིས་སློབ་ཆེན(པེ་ཅིང)དང་དཔའ་ལུང་གི་འཆད་ཁྲིད་ཆེན་མོ”ཡི་མགོ་ཚུགས་མཛད་སྒོ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་ཤར་གྲོང་ཁྱེར་དཔའ་ལུང་ཧུའེ་རིགས་རང་སྐྱོང་རྫོང་གིས་ཁྱོན་ཡོངས་ནས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་ཆེད། ཟླ7པའི་ཚེས30ཉིན། ཀྲུང་གོ་ས་གཤིས་སློབ་ཆེན(པེ་ཅིང)དང་དཔའ་ལུང་རྫོང་གིས་མཉམ་དུ“གྲོང་གསེབ་དར་སྤེལ་གྱི་བྱང་ས་དཔའ་ལུང་འཆད་ཁྲིད་ཆེན་མོ”ཡི་མགོ་ཚུགས་མཛད་སྒོ་བསྡུས་ཏེ་དུས་ཐེངས་དང་པོའི་ཆེད་དོན་འཆད་ཁྲིད་བྱས། 

2013ལོའི་ཀྲུང་དབྱང་ལས་ཁུངས་ཀྱི་གནས་འཁེལ་རོགས་སྐྱོར་བྱ་བ་སྤེལ་ཚུན། ཀྲུང་གོའི་ས་གཤིས་སློབ་ཆེན(པེ་ཅིང)གྱིས་རིག་ཚན་དང་ཤེས་ལྡན་མི་སྣའི་དགེ་མཚན་འདོན་སྤེལ་ཧུར་ཐག་བྱས་ཏེ། ཏང་འཛུགས་དབུལ་སྐྱོར་དང་སློབ་གསོའི་དབུལ་སྐྱོར། ཐོན་ལས་དབུལ་སྐྱོར། འཛད་སྤྱོད་དབུལ་སྐྱོར་སོགས་ཀྱི་ཐད་རོགས་སྐྱོར་རབ་དང་རིམ་པ་བྱས། བསྡོམས་པས་རོགས་སྐྱོར་མ་དངུལ་སྒོར་ཁྲི820ལྷག་བཏང་བ་དང་། རོགས་སྐྱོར་མ་དངུལ་སྒོར་ཁྲི900ལྷག་ནང་འདྲེན་བྱས་ཡོད། དཔའ་ལུང་རྫོང་གིས་དུས་བཀག་ལྟར་དབུལ་ཐར་འགག་སྒྲོལ་གྱི་དམིགས་ཚད་ལས་འགན་ལེགས་འགྲུབ་བྱ་རྒྱུར་རོགས་རམ་བྱས། ཀྲུང་གོ་ས་གཤིས་སློབ་ཆེན(པེ་ཅིང)གྱིས་སྔ་རྗེས་སུ་ཧྲུའུ་ཅི་དང་པོ་དང་ལས་དོན་རུ་མི5འདེམས་གཏོང་བྱས་པ་དང་། རྫོང་དཔོན་གཞོན་པ3འགན་འཁྱེར་སྦྱོང་བརྡར་བྱས་ནས་གཞི་རིམ་གྱི་འཐབ་ས་དང་པོར་ཧུར་ཐག་གིས་ཞུགས་ཡོད། “བློ་བསྐྱེད་ནུས་སྦྱོང”ཞེས་པའི་བརྗོད་བྱ་གཙོ་བོའི་གསོ་སྦྱོང་འཛིན་གྲྭ་གཉེར་བ་དང་། སློབ་གྲྭའི་ཕྱི་ནང་གི་ཆེད་མཁས་པ་དང་མཁས་དབང་གདན་དྲངས་ནས་སྔ་རྗེས་སུ་གཞི་རིམ་ལས་བྱེད་པ་དང་དགེ་རྒན་སོགས་ཆེད་ལས་ལག་རྩལ་མི་སྣ་དང་ཕྱུག་འགྱུར་སྣེ་ཁྲིད་པ2000ལྷག་ལ་གཅིག་བསྡུས་གསོ་སྦྱོང་བྱས།

“དཔའ་ལུང་སློབ་མ་པེ་ཅིང་དུ་བསྐྱོད”ཅེས་པའི་དགའ་ཞེན་གསུམ་དང་མཐུན་སྒྲིལ་གཅིག་གི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་ནས་སྤྱོད་ཡོན་གཉིས་ལྡན་གྱི་སློབ་གྲྭ་འབྲིང་ཆུང་གི་སློབ་མ་པེ་ཅིང་དུ་འཚམས་འདྲི་དང་སློབ་སྦྱོང་བྱེད་པར་གདན་དྲངས་ཏེ། དཔའ་ལུང་གི་སློབ་གྲྭ་འབྲིང་ཆུང12ལ་སྨྱན་སྦྱོར་སློབ་ཁང་འཛུགས་སྐྲུན་བྱས་པ་དང་། སློབ་ཁྲིད་ཡོ་བྱད་དང་སྒྲིག་ཆས་འབོར་ཆེན་ཞལ་འདེབས་རྒྱབ་པ་དང་། དཔེ་མཛོད་ཁང་འཛུགས་སྐྲུན། དཀའ་ངལ་ཡོད་པའི་སློབ་མར་རོགས་སྐྱོར་བཅས་བྱས། དཔའ་ལུང་རྫོང་གི་ཁྱད་ལྡན་ཞིང་ལས་ཐོན་རྫས་ཕྱིར་འཚོང་ལམ་བུ་རྒྱ་བསྐྱེད་བཏང་ལ། “eརོགས་སྐྱོར”སྟེགས་བུ་བསྐྲུན་ཞིང་“མཚོ་སྔོན་ཟས་རིགས་ལག་ཤེས་ལས་ཁང”གི་སྤུས་རྟགས་བཏོད་ནས་དཔའ་ལུང་འཐེན་ཐུག་སྤུས་རྟགས་མཐོར་འདེགས་ལ་རིག་ནུས་ཀྱི་རྒྱབ་སྐྱོར་དང་དངོས་ཕན་གྱི་རོགས་སྐྱོར་བྱས། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།