རྨ་ཆུའི་བཞུར་ཁོངས་མཚོ་སྔོན་མཚམས་ཀྱི་ཆུ་ཁོངས་སུ་ཟླ8པའི་ཚེས1ཉིན་ནས་བཟུང་ཉ་འཛིན་བཟུང་གཏན་འགོག་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིང་ནས་རྒྱུས་ལོན་པ་ལྟར་ན།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཉ་ལས་བཅའ་ཁྲིམས》དང《ཀྲུང་གོའི་ཆུ་ཐོན་སྐྱེ་དངོས་ཐོན་ཁུངས་གསོ་སྐྱོང་བྱེད་སྟངས་རྩ་གནད》སོགས་གཞིར་བཟུང་ནས། མཚོ་སྔོན་ཞིང་ཆེན་གྱིས2021ལོའི་ཟླ8པའི་ཚེས1ཉིན་ནས2026ལོའི་ཟླ7པའི་ཚེས31ཉིན་བར་རྨ་ཆུའི་བཞུར་ཁོངས་མཚོ་སྔོན་མཚམས་ཀྱི་ཆུ་ཁོངས་སུ་རང་བྱུང་ཉ་རིགས་འཛིན་བཟུང་བྱ་འགུལ་གཏན་འགོག་བྱེད་རྒྱུ་རེད།

མཚོ་བོད་མཐོ་སྒང་བྱང་ཕྱོགས་ཀྱི་མཚོ་སྔོན་ཞིང་ཆེན་ནི་འབྲི་ཆུ་དང་རྨ་ཆུ། རྫ་ཆུ་བཅས་ཀྱི་འབྱུང་ཁུངས་ཡིན་ཞིང་། གནས་འདིར་འཚོ་སྡོད་བྱེད་པའི་ཆུ་སྐྱེས་རི་སྐྱེས་སྲོག་ཆགས་མང་ཆེ་བ་ནི་རང་རྒྱལ་གྱི་ཁྱད་ལྡན་མཐོ་སྒང་གི་དངོས་རིགས་ཡིན་པ་རེད། །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།