མཚོ་སྔོན་ཞིང་ཆེན་ལྟ་སྐུལ་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་ཐོག་དང་པོར་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་ཆེད་དོན་བྱ་བའི་སྙན་ཞུ་ཕུལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས26ཉིན། མཚོ་སྔོན་ཞིང་ཆེན་ལྟ་སྐུལ་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་དབུལ་སྐྱོར་ཁྱབ་ཁོངས་ཀྱི་རུལ་སུངས་དང་སྤྱོད་སྟངས་གནད་དོན་ཆེད་སྤྱོད་ལེགས་བཅོས་གནས་ཚུལ་དེ་ཞིང་ཆེན་སྐབས་བཅུ་གསུམ་པའི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་དྲུག་པར་ཆེད་དོན་བྱ་བའི་སྙན་ཞུ་ཕུལ། དེ་ནི་ཞིང་ཆེན་ལྟ་སྐུལ་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་ཐོག་དང་པོར་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཆེད་དོན་བྱ་བའི་སྙན་ཞུ་ཕུལ་བ་རེད།

ཞིང་ཆེན་ལྟ་སྐུལ་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་རིམ་པ་དེའི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་ཆེད་དོན་སྙན་ཞུ་ཕུལ་བ་ནི། རྒྱལ་ཁབ་ལྟ་སྐུལ་ཞིབ་བཤེར་སྒྲིག་སྲོལ་བཅོས་བསྒྱུར་གྱི་ནང་དོན་གལ་ཆེན་ཞིག་ཡིན་ཞིང་། རྩ་ཁྲིམས་ལྟ་སྐུལ་ཞིབ་བཤེར་བཅའ་ཁྲིམས་དོན་འཁྱོལ་དང་། ཁྲིམས་སྐྱོང་བསམ་བློའི་རྣམ་པས་ལྟ་སྐུལ་ཞིབ་བཤེར་སྤེལ་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ལ། ཏང་གི་གཅིག་གྱུར་མགོ་ཁྲིད་དང་། རང་འགུལ་སྒོས་དམངས་ཆེན་ལྟ་སྐུལ་ཞིབ་བཤེར་གྱི་གཅིག་གྱུར་རྒྱུན་འཁྱོངས་བྱེད་པ་མངོན་པ་དང་། ཁྱོན་ཡོངས་ནས་བཅོས་བསྒྱུར་ཟབ་སྤེལ་དང་། ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་བཅོས་སྐྱོང་། ཁྱོན་ཡོངས་ནས་ཏང་གཟབ་ནན་གྱིས་སྐྱོང་བ་གཉིས་གཅིག་གྱུར་བྱས་པ་མངོན་ཞིང་། དེས་རྒྱལ་ཁབ་ལྟ་སྐུལ་ཞིབ་བཤེར་སྒྲིག་སྲོལ་བཅོས་བསྒྱུར་ཟབ་སྤེལ་དང་། ཏང་དང་རྒྱལ་ཁབ་ཀྱི་ལྟ་སྐུལ་ཞིབ་བཤེར་མ་ལག་འཐུས་ཚང་དང་རྒྱུན་འཁྱོངས་བྱས་ཏེ། མི་དམངས་འཐུས་མི་ཚོགས་ཆེན་སྒྲིག་སྲོལ་འཐུས་ཚང་དང་ཕུན་སུམ་ཇེ་ཚོགས་སུ་བཏང་ནས། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་ཤུགས་དེང་རབས་ཅན་དུ་སྐུལ་འདེད་གཏོང་བར་དོན་སྙིང་གལ་ཆེན་ལྡན།

ཚོགས་འདུའི་སྔོན་དུ། ཞིང་ཆེན་ལྟ་སྐུལ་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་རང་སྟེང་གི་དོན་དངོས་ལ་རྐང་བཙུགས་ནས། “སྙན་ཞུའི་ཆེད་དོན་བྱ་བའི”གནས་འཁེལ་འབུར་ཐོན་དུ་བྱས་ཏེ། དམངས་ཆེན་ལྟ་སྐུལ་ཞིབ་བཤེར་འགན་ནུས་ཁྱབ་ཁོངས་དང་། མི་དམངས་མང་ཚོགས་ཀྱིས་རྒྱ་ཆེར་དོ་སྣང་བྱེད་པ། ལག་ལེན་གྱི་རྨང་གཞིའི་བྱ་བའི་བླང་བྱ་དང་དམ་དུ་འབྲེལ་ཏེ། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་རྒྱལ་ཁབ་ལྟ་སྐུལ་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་སྙན་ཞུའི་བརྗོད་དོན་དང་ནང་དོན་དང་འབྲེལ་ནས། ཁྲིམས་ལྟར་གོ་རིམ་ལྡན་པའི་ངང་ལས་དོན་དེ་སྤེལ་བ་ཡིན།  །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།