ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀྲུང་དབྱང་དང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྲིད་གྲོས་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། སྲིད་གྲོས་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་གྲོས་མོལ་བྱ་བ་ལམ་ལུགས་ཅན་དང་ཚད་ལྡན་ཅན། གོ་རིམ་ཅན་དུ་གྱུར་བར་སྐུལ་འདེད་བྱ་ཆེད། ཞིང་ཆེན་སྲིད་གྲོས་ཀྱིས《ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་སྒྲིག་ཡིག》དང་འབྲེལ་ཡོད་སྲིད་ཇུས་གཏན་འཁེལ་ལྟར། རང་ཞིང་གི་སྲིད་གྲོས་བྱ་བའི་དོན་དངོས་དང་ཟུང་འབྲེལ་སྒོས།《ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གྲོས་མོལ་བྱ་བའི་ལམ་སྲོལ》(གཤམ་དུ《བྱ་བའི་ལམ་སྲོལ》དུ་འབོད)གཏན་འབེབས་བྱས།《བྱ་བའི་གཏན་སྲོལ》དེ་སྲིད་གྲོས་སྐབས་བཅུ་གཉིས་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་དགུ་པས་གྲོས་འཆམ་བྱུང་སྟེ་དཔར་འགྲེམ་ལག་བསྟར་བྱས།
《བྱ་བའི་ལམ་སྲོལ》ལ་ཁྱོན་བསྡོམས་ཚན་པ48ཡོད་པ་དང་། གྲོས་མོལ་ནང་དོན་དང་གྲོས་མོལ་རྣམ་པ། གྲོས་མོལ་གོ་རིམ། གྲོས་མོལ་རྩ་དོན། རྩ་འཛུགས་མགོ་ཁྲིད་སོགས་གསལ་བོར་བྱས།《བྱ་བའི་ལམ་སྲོལ》ལས་གྲོས་མོལ་བྱ་བར་ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་མཛུབ་སྟོན་དུ་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་དམངས་སྲིད་གྲོས་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱས་ནས། སྲིད་གྲོས་ཀྱི་ངོ་བོའི་གནས་འཁེལ་ཁོང་དུ་ཆུད་པར་བྱས་ཏེ། ཆབ་སྲིད་ཀྱི་ཁ་ཕྱོགས་ཡང་དག་ལ་ཁག་ཐེག་བྱས། རྩ་ཁྲིམས་བཅའ་ཁྲིམས་དང་སྲིད་གྲོས་ཀྱི་སྒྲིག་ཡིག་བདེན་དཔང་དུ་བྱེད་པ་རྒྱུན་འཁྱོངས་དང་། སྤྱི་ཡོངས་ཞབས་ཞུ་རྒྱུན་འཁྱོངས། དེ་མིན་མཐུན་སྒྲིལ་དང་དམངས་གཙོའི་བརྗོད་གཞི་ཆེན་པོ་གཉིས་རྒྱུན་འཁྱོངས་བྱས་ནས། དམངས་གཙོ་གཅིག་སྡུད་ལམ་ལུགས་ལག་བསྟར་དང་། མི་དམངས་ལྟེ་བར་འཛིན་པའི་འགན་འཁྲི་ལག་བསྟར་བྱས་ཏེ་མི་སེམས་གཅིག་སྒྲིལ་དང་། སྲིད་གྲོས་གྲོས་མོལ་བྱ་བའི་ལམ་ལུགས་དགེ་མཚན་དེ་ས་གནས་བཅོས་སྐྱོང་གི་ཕན་ནུས་སུ་བསྒྱུར་དགོས།
《བྱ་བའི་ལམ་སྲོལ》ལས། གྲོས་མོལ་གྱི་ནང་དོན་ལ་ཞིང་ཆེན་ཡོངས་ཀྱི་བྱེད་ཕྱོགས་སྲིད་ཇུས་དང་ཆབ་སྲིད། དཔལ་འབྱོར། རིག་གནས། སྤྱི་ཚོགས་འཚོ་བའི་ཁྲོད་ཀྱི་གནད་དོན་གལ་ཆེན། ཏང་ཁག་སོ་སོའི་མི་དམངས་སྲིད་གྲོས་བྱ་བའི་ཁྲོད་ཞུགས་པའི་ཐུང་མོང་རང་བཞིན་གྱི་ལས་དོན། སྲིད་གྲོས་ནང་ཁུལ་གྱི་ལས་དོན་གལ་ཆེན་དང་གནད་དོན་གལ་ཆེན་གཞན་དག་འདུས་ཡོད། །
རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།
མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གྲོས་ཀྱིས《བྱ་བའི་ལམ་སྲོལ》དཔར་འགྲེམ་བྱས་ཏེ་གྲོས་མོལ་བྱ་བ་ལམ་ལུགས་ཅན་དང་ཚད་ལྡན་ཅན་དུ་གྱུར་བར་སྐུལ་འདེད་བཏང་།