མཚོ་སྔོན་ཞིང་ཆེན་སྐབས་བཅུ་གསུམ་པའི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས26པ་མཇུག་སྒྲིལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས28ཉིན། མཚོ་སྔོན་ཞིང་ཆེན་སྐབས་བཅུ་གསུམ་པའི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས26པ་མཇུག་སྒྲིལ། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཀྲང་ཀོང་རོང་དང་མཱ་ཝའེ། ཉི་མ་སྒྲོལ་མ། ཉའོ་ཁྲུན་ཡུན། ཝུའུ་ཧའེ་ཁུན། ལིག་ཐུང་ཏི། ཀྲང་ཧོང་ཡོན། དྲུང་ཡིག་ཆེན་མོ་ཅཱ་དབྱིན་ཀྲུང་དང་། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཁྱོན་བསྡོམས་མི51གྲོས་ཚོགས་སུ་ཞུགས་ཤིང་། ཁྲིམས་བཀོད་མི་གྲངས་དང་མཐུན། ཀྲང་ཀོང་རོང་གིས་མཇུག་སྒྲིལ་གྲོས་ཚོགས་ལ་མགོ་འཛིན་བྱས། 

གྲོས་ཚོགས་ཀྱིས་བརྡས་ཐག་བཅད་དེ《མཚོ་སྔོན་ཞིང་ཆེན་གྱི་ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་གཏོང་བའི་སྲོལ་ཡིག》དང《མཚོ་སྔོན་ཞིང་ཆེན་ཆོས་ལུགས་ལས་དོན་སྲོལ་ཡིག》《མཚོ་སྔོན་ཞིང་ཆེན་ཆུས་དང་གྲོང་ཁྱེར། རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་གྲངས་ཀའི་ཐག་གཅོད》བཅས་ལ་གྲོས་འཆམ་བྱུང་བ་དང་། མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས《མཚོ་ཤར་གྲོང་ཁྱེར་ཙོང་ཆུའི་རིག་གནས་སྲུང་སྐྱོབ་སྲོལ་ཡིག》སྐོར་གྱི་གྲོས་ཆོད་ལ་ཆོག་མཆན་བཀོད་པ་དང་། མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས《རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རང་སྐྱོང་སྲོལ་ཡིག(བཟོ་བཅོས)》སྐོར་གྱི་གྲོས་ཆོད་ལ་ཆོག་མཆན་བཀོད་ཅིང་། མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས《ཟི་ལིང་གྲོང་ཁྱེར་དམངས་ཡོངས་ཀྱི་འོས་འགན་སྡོང་འཛུགས་སྲོལ་ཡིག(བཟོ་བཅོས)》སྐོར་གྱི་གྲོས་ཆོད་ལ་ཆོག་མཆན་བཀོད་པ་དང་། མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས《མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་འཇོན་མིའི་བྱ་བའི་སྐུལ་འདེད་སྲོལ་ཡིག》སྐོར་གྱི་གྲོས་ཆོད་ལ་ཆོག་མཆན་བཀོད་པ། མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས《མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱིས〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང〉གཉེན་སྒྲིག་ལོ་ཚོད་བབ་བསྟུན་བསྒྱུར་བཅོས་གཏན་འབེབས》སྐོར་གྱི་གྲོས་ཆོད་ལ་ཆོག་མཆན་གནང་། མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོུན་ལྷན་ཁང་གིས་མཚོ་སྔོན་ཞིང་ཆེན་གྱི2020ལོའི་ཞིང་ཆེན་རིམ་པའི་ནོར་སྲིད་ངེས་རྩིས་ཀྱི་གྲོས་ཆོད་ལ་ཆོག་མཆན་ཐོབ་པ་དང་། མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་《མཚོ་སྔོན་ཞིང་ཆེན་གྱི་གན་ཁྲལ་སྤྱད་འཐུས་ཁྲལ་ཚད་དང་དམིགས་བསལ་སྲིད་ཇུས་ལག་བསྟར་བྱ་ཐབས》ཀྱི་ཐག་གཅོད་ལ་ཆོག་མཆན་ཐོབ།

གྲོས་ཚོགས་ཀྱིས་བརྡས་ཐག་བཅད་དེ་འབྲེལ་ཡོད་མི་དོན་སྐོར་ལ་གྲོས་འཆམ་བྱུང་། 

གྲོས་ཚོགས་ཀྱིས་རྩ་ཁྲིམས་དམ་བཅའ་འཇོག་པའི་མཛད་སྒོ་བསྡུས། 

ཧྲིན་ཀྲང་གཞོན་པ་ལིའུ་ཐའོ་དང་། ཞིང་ཆེན་ལྟ་སྐུལ་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་འགན་ཁུར་བ། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་འགན་ཁུར་བ། ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་འགན་ཁུར་བ་གྲོས་ཚོགས་སུ་ཟུར་ཞུགས་བྱས་ཡོད།  །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།