ལིའུ་ཁྲའོ་ཡིས་ཞིང་ཆེན་ཡོངས་ཀྱི་ནོར་སྲིད་ལས་དོན་བཀོད་གཏོང་ཚོགས་འདུའི་ཐོག་བསྟན་དོན།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས26ཉིན། མཚོ་སྔོན་ཞིང་ཆེན་གྱི་ནོར་སྲིད་དཔལ་འབྱོར་སྒྲིག་ལམ་ནན་གཏོང་ལས་དོན་སྐུལ་འདེད་ཚོགས་འདུའམ་ནོར་སྲིད་ལས་དོན་བཀོད་གཏོང་ཚོགས་འདུ་འཚོགས། ཚོགས་དུའི་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ནོར་སྲིད་དཔལ་འབྱོར་སྒྲིག་ལམ་ནན་གཏོང་སྐོར་གྱི་རྣམ་བཤད་གལ་ཆེན་དང་། མཚོ་སྔོན་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། ནོར་སྲིད་དཔལ་འབྱོར་གྱི་སྒྲིག་ཁྲིམས་ནན་གཏོང་ལས་དོན་དང་ལོ་སྨད་ཀྱི་ནོར་སྲིད་ཀྱི་གཙོ་གནད་ལས་འགན་བཀོད་སྒྲིག་བྱས། ཧྲིན་ཀྲང་གཞོན་པ་ལིའུ་ཁྲའོ་ཚོགས་འདུར་ཞུགས་ཤིང་གསུང་བཤད་གནང་། 

ལིའུ་ཁྲའོ་ཡིས་ནན་གྱིས་བསྟན་དོན། ནོར་སྲིད་དཔལ་འབྱོར་སྒྲིག་ལམ་ནན་གཏོང་གི་འབྲེལ་ཡོད་ལམ་ལུགས་དང་གཏན་འབེབས་ལག་ལེན་ནན་གྱིས་བསྟར་ནས་སྒྲིག་ཁྲིམས་གསལ་བ་དང་གུས་སྐྲག་ཤེས་པ། དོགས་སྐྲག་ཡོད་པ། མཐའ་ཚད་སྲུང་བ་བཅས་བྱེད་དགོས། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཉེན་ཁ་སྔོན་འགོག་བྱེད་པར་སྤྱི་འདོམས་དང་དོ་སྙོམས་ཡོང་བ་བྱས་ནས། ནན་ཏན་ངང་བུ་ལོན་འཚམ་པ་ལེན་རྒྱུ་མཐའ་འཁྱོངས་དང་། བསགས་འབོར་བུ་ལོན་སེལ་གང་ཐུབ་བྱེད་པ། མཐའ་གཅིག་ཏུ་མངོན་མེད་བུ་ལོན་འཕར་ཚད་བཀག་འགོག་བྱེད་པ། ནོར་སྲིད་དངུལ་རྩའི་ཉེན་ཁ་སྔོན་འགོག་ཏན་ཏིག་བྱེད་པ། མ་ལག་རང་བཞིན་དང་ས་ཁོངས་རང་བཞིན་གྱི་ཉེན་ཁའི་མཐའ་ཚད་བརྟན་སྲུང་བཅས་བྱེད་དགོས། སྒྲིག་ཁྲིམས་ལག་བསྟར་དང་ལྟ་སྐུལ། འགན་འཁྲི་བདའ་འདེད་བཅས་ལ་ཤུགས་སྣོན་བརྒྱབ་ནས་ནོར་སྲིད་དཔལ་འབྱོར་གྱི་སྒྲིག་ཁྲིམས་དང་འགལ་བའི་བྱེད་སྤྱོད་ལ་ཁྲིམས་དང་སྒྲིག་སྲོལ་ལྟར་ཆད་པ་གཅོད་པ་དང་། འགན་འཁྲི་རྩད་གཅོད་དང་བདའ་འདེད་ཀྱི་བྱས་འབྲས་བེད་སྤྱོད་ལ་ཤུགས་སྣོན་བརྒྱབ་སྟེ་ནོར་སྲིད་དཔལ་འབྱོར་གྱི་སྒྲིག་ཁྲིམས་དང་ལམ་ལུགས་ལག་བསྟར་གྱི་མཁྲེགས་ཤུགས་ཆེ་རུ་གཏོང་དགོས།

ལིའུ་ཁྲའོ་ཡིས་ནོར་སྲིད་དཔལ་འབྱོར་སྒྲིག་ལམ་གྱི་ཆེད་དོན་ཞིབ་བཤེར་ལ་སྐུལ་འདེད་ཏན་ཏིག་བཏང་ནས་རང་བཤེར་དང་གཙོ་གནད་ཞིབ་བཤེར་ནན་འཛིན་ཡག་པོ་བྱས་ཏེ། ནོར་སྲིད་དཔལ་འབྱོར་ཁྱབ་ཁོངས་ཀྱི་ཁྲིམས་འགལ་སྒྲིག་འགལ་བྱེད་སྤྱོད་སྣ་ཚོགས་ལ་གྲལ་བཤེར་དང་དག་ཐེར་མཐའ་གཅིག་ཏུ་བྱེད་དགོས། ནོར་སྲིད་གཏོང་ཡོང་བཀོད་གཏོང་ལ་ཤུགས་སྣོན་བརྒྱབ་ནས2022ལོའི་སྡེ་ཁག་གི་སྔོན་རྩིས་ལས་དོན་ཡག་པོར་སྒྲུབ་པ་དང་། ནོར་སྲིད་བརྟན་བརླིང་ངང་འཁོར་སྐྱོད་ཐུབ་པར་སྐུལ་འདེད་བཏང་སྟེ། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་བར་འདེགས་སྐྱོར་བྱེད་དགོས་པའི་བླང་བྱ་བཏོན། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།