མཚོ་སྔོན་ཞིང་ཆེན་དམག་ཁུངས་ནས་བུད་པའི་དམག་མིའི་ལས་དོན་ཐིང་དང་མཚོ་སྔོན་ཞིང་ཆེན་གྱི་དངུལ་རྩའི་སྒྲིག་གཞི5བར“དམག་བཀུར་གཟིགས་སྐྱོང་གི་མཉམ་ལས་གྲོས་མཐུན”གྱི་མིང་རྟགས་བཀོད་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དམག་ཁུངས་ནས་བུད་པའི་དམག་མིའི་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་། དམག་ཁུངས་ནས་བུད་པའི་དམག་མིའི་ལས་དོན་མ་ལག་གི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་གཏིང་ཟབ་ཏུ་གཏོང་བ། སྤྱི་ཚོགས་ཅན་གྱི་དམག་བཀུར་སྟོབས་ཤུགས་ཧུར་ཐག་ངང་བཀུག་ནས་དམག་ཁུངས་ནས་བུད་པའི་དམག་མི་དང་གཟིགས་སྐྱོང་བྱ་ཡུལ་གཞན་དག་ལ་དངོས་དོན་སྒྲུབ་ནས་དཀའ་གནད་སེལ་ཆེད། ཟླ7པའི་ཚེས23ཉིན། ཞིང་ཆེན་དམག་ཁུངས་ནས་བུད་པའི་དམག་མིའི་ལས་དོན་ཐིང་གིས་བཟོ་ཚོང་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་དང་། ཀྲུང་གོ་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་། སྦྲག་སྲིད་གསོག་འཇོག་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་། ཀྲུང་ཞིན་དངུལ་ཁང་ཟི་ལིང་ཡན་ལག་དངུལ་ཁང་། ཞིན་ཡེ་དངུལ་ཁང་ཟི་ལིང་ཡན་ལག་དངུལ་ཁང་བཅས་ལ་དམག་བཀུར་གཟིགས་སྐྱོང་གི་མཉམ་ལས་གྲོས་མཐུན་བཞག

གྲོས་མཐུན་གྱི་གཏན་འབེབས་གཞིར་བཟུང་། གན་འཇོག་དངུལ་ཁང་གིས་རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ནས་མཚོ་སྔོན་ཞིང་ཆེན་གྱི་དམག་མི་དང་དམག་མིའི་ནང་མི་དང་། དམག་ཁུངས་ནས་བུད་པའི་དམག་མི། གཟིགས་སྐྱོང་བྱ་ཡུལ་གཞན་དག་ལ་སྔོན་འགྲོ་དང་སྤུས་ལེགས། ཕན་འབྲས་ལྡན་པའི་དངུལ་རྩའི་ཞབས་ཞུ་མཁོ་འདོན་བྱེད་དགོས། ཞབས་འདེགས་ཞུ་ཡུལ་གྱིས་དམག་དཔོན་གྱི་ལག་ཁྱེར་དང་དམག་མིའི་ལག་ཁྱེར། དམག་ཁུངས་ནས་བུད་པའི་ལག་ཁྱེར་སོགས་གོ་ཆོད་པའི་ལག་ཁྱེར་ལ་བརྟེན་ནས་གོང་གསལ་གྱི་དངུལ་ཁང་དྲ་ཚིགས་སུ་ཆེད་སྤྱོད་དངུལ་བྱང་རེ་ཞུ་བྱས་ཆོག་ལ། དངུལ་ཁང་གིས་ལས་གཉེར་ས་ཚིགས་ཀྱི་ཆེད་བཙུགས་སྐར་ཁུང་དུ་དམག་མི་དང་དམག་ཁུངས་ནས་བུད་པའི་དམག་མི་སྔོན་འགྲོ་ཡིན་པའི་མཚོན་རྟགས་སྦྱར་ཏེ། ཆེད་སྤྱོད་དངུལ་བྱང་ཡོད་པའི་འགྲོན་པོར་ལྗང་མདོག་དང་སྔོན་བགྲོད་བགྲོད་ལམ་བཏོད་ནས། བྱང་བུའི་མ་གནས་གྲོན་དངུལ་དང་། བྱང་བུའི་ལོའི་གྲོན་དངུལ། དངུལ་གྲངས་ཉུང་བའི་རྩིས་ཐོའི་དོ་དམ་གྲོན་དངུལ། དངུལ་ཁང་བརྒལ་བའི་དངུལ་སྐུར་གྲོན་དངུལ་སོགས་མི་ལེན་པའི་རང་བཟོ་ཅན་གྱི་དངུལ་རྩའི་ཞབས་ཞུ་མཁོ་འདོན་བྱེད་དགོས། 

ཐེངས་འདིར་མཉམ་ལས་གྲོས་མཐུན་བཞག་པ་ནི“དམག་མི་སྤྱི་ཚོགས་ཡོངས་ཀྱིས་གོང་བཀུར་བྱེད་པའི་ལས་རིགས་ཤིག་ཏུ་བསྒྱུར་བའི”རིན་ཐང་གི་འདུ་ཤེས་ཆགས་པར་འབོད་སྐུལ་བྱེད་པ་དང་། “དམག་དམངས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ”བའི་འབྲེལ་ཐག་སྲ་བརྟན་དུ་གཏོང་བའི་ཞིབ་ཕྲའི་བྱ་སྤྱོད་ཅིག་ཡིན་ལ། དམག་མི་དང་དམག་མིའི་ནང་མི། དམག་ཁུངས་ནས་བུད་པའི་དམག་མི། གཟིགས་སྐྱོང་བྱ་ཡུལ་གཞན་དག་བཅས་ལ་སྔར་བས་སྤུས་ལེགས་དང་དངོས་སྒྲུབ་ཀྱི་ཞབས་ཞུའི་བྱེད་ཐབས་ཤིག་རེད། ཞིང་ཆེན་དམག་ཁུངས་ནས་བུད་པའི་དམག་མིའི་ལས་དོན་ཐིང་གི་ཐིང་ཀྲང་ལི་ཀྲུང་གིས་བསྟན་དོན། སླད་ཕྱིན་སྤྱི་ཚོགས་ཀྱི་སྟོབས་ཤུགས་དམག་ཁུངས་ནས་བུད་པའི་དམག་མིའི་ལས་དོན་ནང་ཞུགས་པར་ཁྲིད་སྟོན་བྱས་ཏེ། དམག་ཁུངས་ནས་བུད་པའི་དམག་མི་དང་གཟིགས་སྐྱོང་བྱ་ཡུལ་གཞན་དག་ལ་སྔར་བས་མང་བའི་ཆེད་ལས་ཅན་དང་གནད་སྨིན་ཅན། རང་གཤིས་ཅན་གྱི་ཞབས་ཞུའི་འགན་ལེན་བྱེད་པ་དང་། སྤྱི་ཚོགས་ཡོངས་ཀྱིས་དམག་མིར་གོང་བཀུར་དང་དམག་ཁུངས་ནས་བུད་པའི་དམག་མིར་བརྩི་འཇོག་བྱ་རྒྱུར་ཁྲིད་སྟོན་བྱས་ནས་ནུས་ཤུགས་ཡོད་རྒུས་མཚོ་སྔོན་ཞིང་ཆེན་གྱི་དམག་ཁུངས་ནས་བུད་པའི་དམག་མིའི་ལས་དོན་གྱི་རྣམ་པ་གསར་པ་གཏོད་དགོས། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།