མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མིན་ཡུང་ཧྲན་གྱི་ལས་ཁུར་དགོངས་ཞུའི་རེ་ཞུ་དང་ལེན་བྱས་པའི་སྐོར་གྱི་ཆོད་དོན།

མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མིན་ཡུང་ཧྲན་གྱི་ལས་ཁུར་དགོངས་ཞུའི་རེ་ཞུ་དང་ལེན་བྱས་པའི་སྐོར་གྱི་ཆོད་དོན།

(2021ལོའི་ཟླ7པའི་ཚེས26ཉིན་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་དྲུག་པའི་སྟེང་གྲོས་འཆམ་བྱུང་བ)

མི་རང་གི་དགོངས་ཞུ་ལྟར།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་གནས་མི་དམངས་འཐུས་མི་ཚོགས་ཆེན་རིམ་པ་སོ་སོ་དང་ས་གནས་མི་དམངས་སྲིད་གཞུང་རིམ་པ་སོ་སོའི་རྩ་འཛུགས་བཅའ་ཁྲིམས》ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་དྲུག་པའི་སྟེང་། མོང་ཡུང་ཧྲན་གྱིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པའི་རྐྱེན་གྱིས་མཚོ་སྔོན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་དང་། ཞིབ་དཔྱོད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། ཞིབ་དཔྱོད་པའི་གོ་གནས་བཅས་དགོངས་ཞུ་ཞུས་པ་དང་ལེན་བྱས་ཤིང་། ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་ལ་ཐོ་འགོད་སྙན་སེང་ཞུ་རྒྱུའི་གཏན་འབེབས་བྱས། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་ལ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ནས་ཆོག་མཆན་འགོད་པར་སྙན་སེང་ཞུས། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།