མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྤྱི་བསྒྲགས།(ཨང་ཞེ་བཞི་བ)

མཚོ་ལྷོ་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཝུའུ་ཞའོ་ཅུན་དང་ལུའི་ཀང་། ཀརྨ་ཕུན་ཚོགས་བཅས་མཚོ་སྔོན་ཞིང་ཆེན་སྐབས་བཅུ་གསུམ་པའི་དམངས་ཆེན་འཐུས་མིར་གསབ་འདེམས་བྱས་པ་དང་། ཡུས་ཧྲུའུ་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚའེ་ཁྲིན་ཡུང་དང་ཧི་པའོ་གཉིས་ཞིང་ཆེན་སྐབས་བཅུ་གསུམ་པའི་དམངས་ཆེན་འཐུས་མིར་གསབ་འདེམས་བྱས། མགོ་ལོག་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ལིའི་ཧོང་ཡཱ་དང་། ཞུང་ཅཱ་ཧོང་ཞིང་ཆེན་སྐབས་བཅུ་གསུམ་པའི་དམངས་ཆེན་འཐུས་མིར་གསབ་འདེམས་བྱས། མཚོ་སྔོན་ཞིང་ཆེན་སྐབས་བཅུ་གསུམ་པའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས26པས་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་བཏོན་པའི་སྙན་ཞུ་ལྟར། ཝུའུ་ཞའོ་ཅུན་དང་ལུས་ཀང་། ཀརྨ་ཕུན་ཚོགས། ཚའེ་ཁྲིན་ཡུང་། ཧི་པའོ། ལིའི་ཧོང་ཡཱ། ཞུང་ཅཱ་ཧོང་བཅས་ཀྱི་འཐུས་མིའི་ཐོང་ཐང་ནུས་ལྡན་ཡིན་པར་གཏན་འཁེལ་བྱས།

ཟི་ལིང་གྲོང་ཁྱེར་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་མཱ་ཀྲི་ཞང་དང་ཁྲང་ཏིན་ཁྲིན། ཀའོ་ཧྭ། མུན་ཡུང་ཧྲན་བཅས་ཞིང་ཆེན་སྐབས་བཅུ་གསུམ་པའི་དམངས་ཆེན་འཐུས་མིའི་ལས་འགན་ལས་ཕྱིར་འབུད་བྱེད་པར་དང་ལེན་བྱས་པ་དང་། མཚོ་ལྷོ་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཀྲང་ཝུན་ཁུའེ་དང་བསོད་ནམས་དོན་འགྲུབ་གཉིས་ཀྱི་ཞིང་ཆེན་སྐབས་བཅུ་གསུམ་པའི་དམངས་ཆེན་འཐུས་མིའི་ལས་འགན་དང་ལེན་བྱས། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་དང་ས་གནས་རིམ་པ་སོ་སོའི་མི་དམངས་འཐུས་མི་ཚོགས་ཆེན་འཐུས་ཚབ་བཅའ་ཁྲིམས》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་དང་ས་གནས་རིམ་པ་སོ་སོའི་མི་དམངས་འཐུས་མི་ཚོགས་ཆེན་འདེམས་བསྐོའི་བཅའ་ཁྲིམས》ཀྱི་འབྲེལ་ཡོད་གཏན་འཁེལ་ལྟར། མཱ་ཀྲི་ཞང་དང་ཀྲང་ཏིན་ཁྲིན། ཀའོ་ཧྭ། མུན་ཡུང་ཧྲན། ཀྲང་ཝུན་ཁུའེ། བསོད་ནམས་དོན་འགྲུབ་བཅས་ཀྱི་འཐུས་མིའི་ཐོབ་ཐང་མཚམས་བཞག 

ཐེངས་འདིའི་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་རེ་གཉིས་ཀྱི་འཐུས་མིའི་ཐོབ་ཐང་འགྱུར་ལྡོག་བྱུང་རྗེས། མཚོ་སྔོན་ཞིང་ཆེན་སྐབས་བཅུ་གསུམ་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་དངོས་ཡོད་འཐུས་མི་མི389ཡོད།

དེ་དོན་ཆེད་དུ་ཁྱབ་བསྒྲགས་བྱས་པ་ཡིན།  །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།