ལིག་ཐུང་ཏི་མུ་རིའི་གཏེར་ཁུལ་དུ་སོང་ནས་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱ་བར་ལྟ་སྐུལ་ཞིབ་བཤེར་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས24ཉིན། མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ལིག་ཐུང་ཏི་ཡིས་སྣེ་ཁྲིད་དེ་མུ་རིའི་གཏེར་ཁུལ་དུ་སོང་ནས་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱ་བར་ལྟ་སྐུལ་ཞིབ་བཤེར་བྱས། ལྟ་སྐུལ་ཞིབ་བཤེར་ཚན་ཆུང་གིས་ཡུལ་དངོས་ནས་ཅང་ཚང་གཏེར་ཁུལ་གྱི་ཁྲོམ་པ་ཨང1པོ་དང་ཨང2པ། དེ་མིན་ཅུས་ཧུའུ་ཀིན་གཏེར་ཁུལ་གྱི་ཁྲོམ་པ་ཨང5བ་དང་ཨང8པའི་ས་དོང་བསུབ་པ་དང་། སྙིགས་རི་ལྗང་བསྒྱུར། གཟར་ངོས་བཅོས་སྐྱོང་། སྐྱེ་དངོས་སླར་གསོའི་གནས་ཚུལ་ལ་རྟོག་ཞིབ་བྱས་པ་དང་། ཡུལ་དངོས་ནས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་དང་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་འབྲེལ་ཡོད་བྱ་བའི་གནས་ཚུལ་དང་།འཛུགས་སྐྲུན་ལས་ཁུངས་ཀྱི་བཟོ་སྐྲུན་ལག་བསྟར་གནས་ཚུལ་སྐོར་གྱི་མཚམས་སྦྱོར་ལ་ཉན། 

ལིག་ཐུང་ཏི་ཡིས་བསྟན་དོན། ད་ལོ་ནི་མུ་རིའི་གཏེར་ཁུལ་དང་མདོ་ལ་རི་བོའི་ལྷོ་རྒྱུད་མཚོ་སྔོན་ས་མཚམས་ཀྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ལོ་ངོ་གསུམ་གྱི“ལོ་གཉིས་རིང་ལྗང་བསྒྱུར་མཐོང་བའི”གནད་འགག་གི་ལོ་གཅིག་ཡིན། ཆབ་སྲིད་ཀྱི་ལངས་ཕྱོགས་མཐོན་པོ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་ལེན་དོན་འཁྱོལ་ལེགས་པོ་བྱས་ཏེ། སྐྱེ་ཁམས་ཀྱི་ཉེན་བརྡ་རྒྱུན་འཁྱོངས་དང་སྐྱེ་ཁམས་རང་འགུལ་ཤུགས་དྲག་ཏུ་བཏང་ནས། “སྐྱེ་ཁམས་ཀྱི་དྲི་བ་གསུམ”ལེགས་པོར་བཏབ་ནས། སྐྱེ་ཁམས་སླར་གསོའི་ཆབ་སྲིད་ལས་འགན་ཕྲག་ཏུ་ལེན་དགོས་ཞེས་བསྟན། 

ལིག་ཐུང་ཏི་ཡིས་ནན་གྱིས་བསྟན་དོན། ས་ཁུལ་དང་སྡེ་ཁག་སོ་སོ་དང་། ལས་སྐྲུན་ལས་ཁུངས་སོ་སོས་འགན་འཁྲི་ཤུགས་དྲག་ཏུ་བཏང་ནས། སྐྱེ་ཁམས་སླར་གསོའི་བྱ་བ་ཞིབ་ཚགས་དང་ལེགས་པོར་སྒྲུབ་དགོས། རང་བྱུང་དང་ཆོས་ཉིད། ཚན་རིག་ལ་བརྩི་མཐོང་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། འགན་འཁྲི་ཞིབ་ཚགས་སུ་གཏོང་བ་དང་། བྱེད་ཐབས་ཇེ་ལེགས་སུ་གཏོང་བ། ཚན་རིག་གནད་ཁེལ་ལག་བསྟར་བྱས་ནས། སྙིགས་རི་གསར་རྙིང་བཅོས་སྐྱོང་སླར་གསོ་བྱ་བ་གཅིག་བསྡུས་བྱས་ནས། དུས་རིམ་རང་བཞིན་གྱི་བཅོས་སྐྱོང་དཔྱད་འཇོག་བྱ་བ་སྤེལ་བ་དང་།ལས་གཞི་རྗེས་ཀྱི་དོ་དམ་སྲུང་སྐྱོང་ལ་ཤུགས་སྣོན། དེ་མིན་ལྟ་སྐུལ་ཞིབ་བཤེར་གྱི་ཤུགས་ཚད་ཆེ་རུ་བཏང་ནས། མུ་རིའི་གཏེར་ཁུལ་གྱི་སྐྱེ་ཁམས་སླར་གསོའི་བཅོས་སྐྱོང་བྱ་བ་ལེགས་པོར་སྒྲུབ་དགོས། ཁྲིམས་ལུགས་ལག་བསྟར་གཟབ་ནན་དང་། ཁྲིམས་ལྟར་ཁྲིམས་འཛིན་ཐག་གཅོད་དང་སྐྱེ་ཁམས་གྱོང་གུད་ཁ་གསབ་གྲོས་མོལ་དང་། དམངས་དོན། དེ་མིན་སྤྱི་ཕན་ཞུ་གཏུགས་ཀྱི་གོ་རིམ་ལ་སྐུལ་འདེད་གཏོང་བ། ཁྲིམས་ལྟར་ཁེ་ལས་ཀྱི་སྤྱིན་ཚབ་འཇལ་བའི་བྱ་བ་ལེགས་འགྲུབ་བྱས་ཏེ། བཅའ་ཁྲིམས་སྒྲིག་སྲོལ་དེ་བརྒལ་མི་རུང་བའི་མཐོ་གནོན་རྟགས་ཚད་དུ་འགྱུར་བར་བྱེད་དགོས་ཞེས་བསྟན། ། 

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།