ཁོང་ཡུང་གིས་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་གཞུང་ལམ་འགྲིམ་འགྲུལ་གནོད་ཤུལ་ཞིག་གསོ་ཤར་གཏོང་བྱ་བར་རྟོག་ཞིབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས26ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཁོང་ཡུང་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན་གཞུང་ལམ་དྲ་བའི་ལྟེ་གནས་འཕྲལ་བསྟུན་བཀོད་འདོམས་ཚོམས་ཆེན་དུ་གཞུང་ལམ་འགྲིམ་འགྲུལ་གནོད་ཤུལ་ཞིག་གསོ་དང་ཤར་གཏོང་བྱ་བར་རྟོག་ཞིབ་བྱས་པ་དང་། བཀོད་འདོམས་ཚོམས་ཆེན་དུ་བརྙན་རིས་སྙོམ་སྒྲིག་མ་ལག་བརྒྱུད་དེ། རྒྱལ་ལམ་དང་ཞིང་ཆེན་གཞུང་ལམ་གནོད་འཚེའི་དང་། ཞིག་གསོ་ཤར་གཏོང་གནས་ཚུལ་ལ་རྒྱུས་ལོན་དང་། ཞིང་ཆེན་ཡོངས་ཀྱི་གཞུང་ལམ་འགྲིམ་འགྲུལ་གནོད་ཤུལ་ཞིག་གསོ་ཤར་གཏོང་གཙོ་གནད་བྱ་བར་བཀོད་སྒྲིག་བྱས།

ཁོང་ཡུང་གིས་བསྟན་དོན། ཞོད་འགོག་གནོད་སེལ་བྱ་བ་དེ་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་བདེ་འཇགས་དང་འབྲེལ་བ་ཡོད་པ་དང་། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཁྱོན་ལའང་འབྲེལ་བ་ཡོད། ས་གནས་སོ་སོ་དང་སྡེ་ཁག་གིས་དེང་སྐབས་ཀྱི་ཞོད་འགོག་བྱ་བའི་ཛ་དྲག་རང་བཞིན་དང་རྙོག་འཛིང་རང་བཞིན་ལ་ངེས་ཤེས་གསལ་བོ་ཡོད་པ་དང་། ཞོད་འགོག་གི་འདུ་ཤེས་སྲ་བརྟན་དང་ཉེན་ཁ་འགོག་པ། གནོད་འཚེ་མྱུར་སྐྱོབ་ཀྱི་འདུ་ཤེས་ཇེ་དྲག་ཏུ་བཏང་ནས། གཡོལ་སེམས་མེད་པར་བསམ་བློ་དང་བྱེད་སྟངས་གཉིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་མི་དམངས་སྲིད་གཞུང་གི་སྤྱིའི་བླང་བྱ་སྟེང་ཐོན་པར་བྱས་ཏེ། ཧུར་ཐག་གིས་གནོད་འཚེའི་ཉེན་ཁ་འགོག་སྲུང་དང་ཐག་གཅོད་བྱ་བ་ལེགས་པོར་སྒྲུབ་ནས། སྟོབས་ཤུགས་ཡོད་རྒུས་མང་ཚོགས་ཀྱི་གཞུང་ལམ་འགྲོ་འོང་བདེ་འཇགས་ལ་ཁག་ཐེག་བྱེད་དགོས་ཞེས་བསྟན། 

ཁོང་ཡུང་གིས་ནན་གྱིས་བསྟན་དོན། ས་གནས་དང་སྡེ་ཁག་སོ་སོས་མཐུན་སྦྱོར་དང་སྡེབ་སྒྲིག་དམ་ཟབ་སྒོས། ཞོད་འགོག་གནོད་སེལ་བྱ་བའི་འདུས་ཤུགས་ཆགས་སུ་འཇུག་དགོས། མགྱོགས་མྱུར་ངང་རྡོ་ཟེགས་དང་འདམ་རྫབ་སོགས་གཞུང་ལམ་ངོས་ཀྱི་བཀག་དངོས་གཙང་སེལ་བྱས་ནས། སྟོབས་ཤུགས་ཡོད་རྒུས་འགྲིམ་འགྲུལ་བདེ་འཇགས་ཤར་གཏོང་ལ་འགན་སྲུང་བྱེད་དགོས། གནོད་འཚེའི་ཐེབས་པའི་གཞུང་ལམ་གྱི་གནོད་འཚེ་གནས་ཚུལ་དང་ཉེན་ཁ། བདེ་འཇགས་ཉེན་ཁ་བཅས་ལ་རྩད་ཞིབ་བྱས་ཏེ། གཞུང་ལམ་དྲ་བའི་འཁོར་རྒྱུགས་གནས་ཚུལ་ཁོང་དུ་ཆུད་པར་བྱེད་པ་དང་། དུས་ཐོག་ཏུ་ཤེས་པ་དང་མགྱོགས་མྱུར་ངང་གནོད་འཚེ་ཐག་གཅོད་བྱེད་དགོས། མགྱོགས་མྱུར་ངང་གཞུང་ལམ་སྟེང་བཀག་ཡོད་པའི་རླངས་འཁོར་དང་མི་སྣའི་ཞབས་ཞུ་འགན་སྲུང་བྱ་བར་ཤུགས་སྣོན་དང་། སྔོན་ལ་གཞུང་ལམ་འཕྲལ་བསྟུན་དངོས་ཟོག་གསོག་ཉར་དང་། འཕྲལ་བསྟུན་དཔུང་ཁག་བྱ་བ་ལེགས་པོར་སྒྲུབ་དགོས། ཆར་ཞོད་འབབ་སྐབས་ཀྱི་ལས་རེས་བྱ་བ་ལེགས་པོར་སྒྲུབ་ནས། འཕྲལ་བསྟུན་ལས་རེས་ཀྱི་སྟོབས་ཤུགས་ལ་ཤུགས་བསྣོན་དང་། ཏན་ཏིག་གིས་མགོ་ཁྲིད་ལས་བྱེད་པ་དང་། གཙོ་གནད་ལས་རྐང་མི་སྣ་དང་།འཕྲལ་བསྟུན་མྱུར་སྐྱོབ་དཔུང་ཁག་གི་དུས་ཚོད24ལས་རེས་སྒྲིག་སྲོལ་དོན་འཁྱོལ་བྱས་ཏེ། བདེ་འཇགས་ངང་ཆར་ཞོད་ཀྱི་དུས་སྐབས་བརྒལ་བ་དང་། གཞུང་ལམ་བདེ་འཇགས་དང་བདེ་འཇགས་ངང་ཕྱིར་བསྐྱོད་པར་ཁག་ཐེག་བྱེད་དགོས་ཞེས་བསྟན།  ། 

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།