མཚོ་སྔོན་ཞིང་ཆེན་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་དྲུག་པ་འཚོགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས26ཉིན། མཚོ་སྔོན་ཞིང་ཆེན་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་དྲུག་པ་ཟི་ལིང་དུ་འཚོགས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝང་ཅན་ཅུན་དང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཀྲང་ཀོང་རོང་དང་། མ་ཝེ། ཉི་མ་སྒྲོལ་མ། ཉིའོ་ཁྲིན་ཡུན། ཝུའུ་ཧེ་ཁུན། ལིའུ་ཐུང་ཏི། ཀྲང་ཧོང་ཡོན། དྲུང་ཡིག་ཆེན་མོ་ཅ་དབྱིན་ཀྲུང་། དེ་མིན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་སོགས་བསྡོམས་པའི་མི51གྲོས་ཚོགས་ལ་ཞུགས་ཡོད་པས་ཁྲིམས་བཀོད་མི་གྲངས་དང་མཐུན། ཝང་ཅན་ཅུན་གྱིས་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོར་མགོ་འཛིན་མཛད།

ཚོགས་ཐོག་ནས《མཚོ་སྔོན་ཞིང་ཆེན་ཚོང་གཉེར་ཁོར་ཡུག་ལེགས་སྒྱུར་སྲོལ་ཡིག(འཆར་ཟིན)》གི་གྲོས་ཞིབ་མཇུག་འབྲས་སྐོར་གྱི་སྙན་ཞུ་དང་། 《མཚོ་སྔོན་ཞིང་ཆེན་ཆོས་ལུགས་ལས་དོན་སྲོལ་ཡིག(གྲོས་ཞིབ་གཉིས་པའི་མ་ཡིག)》གི་གྲོས་ཞིབ་མཇུག་འབྲས་སྐོར་གྱི་སྙན་ཞུ། 《མཚོ་སྔོན་ཞིང་ཆེན་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོབ་སྲོལ་ཡིག(འཆར་ཟིན)》སྐོར་གྱི་གསལ་བཤད། 《མཚོ་སྔོན་ཞིང་ཆེན་མེ་གསོད་སྲོལ་ཡིག་བཟོ་བཅོས(འཆར་ཟིན)》སྐོར་གྱི་གསལ་བཤད། 《མཚོ་ཤར་གྲོང་ཁྱེར་རྨ་ཙོང་རིག་གནས་སྲུང་སྐྱོབ་སྲོལ་ཡིག》སྐོར་གྱི་གསལ་བཤད། 《རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་རང་སྐྱོང(བཟོ་བཅོས)སྲོལ་ཡིག》སྐོར་གྱི་གསལ་བཤད། 《ཟི་ལིང་གྲོང་ཁྱེར་དམངས་ཡོངས་ཀྱི་འོས་འགན་སྡོང་འཛུགས་སྲོལ་ཡིག(བཟོ་བཅོས)》སྐོར་གྱི་གསལ་བཤད། 《མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་འཇོན་མི་བྱ་བའི་སྐུལ་འདེད་སྲོལ་ཡིག》སྐོར་གྱི་གསལ་བཤད། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པའམ་ཁྲིམས་བསྟར་ཞིབ་བཤེར་ཚན་ཆུང་གི་ཚན་གཙོ་ཉིའོ་ཁྲིན་ཡུང་གིས《མཚོ་སྔོན་ཞིང་ཆེན་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་སྲོལ་ཡིག》ལག་བསྟར་གནས་ཚུལ་ཞིབ་བཤེར་སྐོར་གྱི་སྙན་ཞུ་ཕུལ་བ་དང་། ཞིང་ཆེན་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཐིན་ཅ་ཚའེ་ཡིས་དབུལ་སྐྱོར་ཁྱབ་ཁོངས་ཀྱི་རུལ་སུངས་དང་སྤྱོད་སྟངས་གནད་དོན་ཆེད་དོན་བཅོས་སྐྱོང་བྱ་བ་སྤེལ་བའི་སྐོར་གྱི་སྙན་ཞུ་ཕུལ་བ། ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ་ལི་ཧུང་ཡ་ཡིས་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི2015ནས2020ལོའི་བར་གྱི་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་གནས་ཚུལ་སྐོར་གྱི་སྙན་ཞུ་ཕུལ་བ། མཚོ་སྔོན་ཞིང་ཆེན་གྱི2021ལོའི་ལོ་སྟོད་ཀྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞི་ལག་བསྟར་གནས་ཚུལ་སྐོར་གྱི་སྙན་ཞུ། མཚོ་སྔོན་ཞིང་ཆེན་གྱི2021ལོའི་ལོ་སྟོད་ཀྱི་སྔོན་རྩིས་ལག་བསྟར་གནས་ཚུལ་སྐོར་གྱི་སྙན་ཞུ། མཚོ་སྔོན་ཞིང་ཆེན་གྱི2020ལོའི་ཞིང་ཆེན་རིམ་པའི་ནོར་སྲིད་ངེས་རྩིས(འཆར་ཟིན)སྐོར་གྱི་སྙན་ཞུ། 2020ལོའི་ཞིང་ཆེན་རིམ་པའི་སྔོན་རྩིས་ལག་བསྟར་དང་ནོར་སྲིད་ཀྱི་ཡོང་གཏོང་གཞན་དག་རྩིས་བཤེར་བྱ་བའི་སྐོར་གྱི་སྙན་ཞུ། 2019ལོའི་ཞིང་ཆེན་རིམ་པའི་སྔོན་རྩིས་ལག་བསྟར་དང་ནོར་སྲིད་ཀྱི་ཡོང་གཏོང་གཞན་དག་རྩིས་བཤེར་ཞིབ་རྩད་ཆོད་པའི་གནད་དོན་བཅོས་སྒྲིག་གནས་ཚུལ་སྐོར་གྱི་སྙན་ཞུ། 《མཚོ་སྔོན་ཞིང་ཆེན་གྱི་གན་ཁྲལ་བཀོལ་སྤྱོད་ཁྲལ་ཚད་དང་གཟིགས་སྐྱོང་སྲིད་ཇུས་ལག་བསྟར་ཇུས་གཞི》སྐོར་གྱི་གསལ་བཤད། ཞིང་ཆེན་ཡོངས་ཀྱི་ལས་རིགས་སློབ་གསོའི་འཕེལ་རྒྱས་གནས་ཚུལ་སྐོར་གྱི་སྙན་ཞུ། མུ་རི་གཏེར་ཁུལ་དང་མདོ་ལ་རི་བོའི་ལྷོ་རྒྱུད་མཚོ་སྔོན་ཁོངས་གཏོགས་ཀྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་སྐུལ་འདེད་གནས་ཚུལ་སྐོར་གྱི་སྙན་ཞུ་བཅས་ལ་རིམ་པ་བཞིན་དུ་མཉན། 

ཚོགས་ཐོག་ནས《མཚོ་སྔོན་ཞིང་ཆེན་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོབ་སྲོལ་ཡིག(འཆར་ཟིན)》གི་གྲོས་ཞིབ་བསམ་འཆར་དང་། 《མཚོ་སྔོན་ཞིང་ཆེན་མེ་གསོད་སྲོལ་ཡིག་བཟོ་བཅོས(འཆར་ཟིན)》ཀྱི་གྲོས་ཞིབ་བསམ་འཆར། 《མཚོ་སྔོན་ཞིང་ཆེན་ཁུལ་བཙུགས་པའི་གྲོང་ཁྱེར་དང་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་གཏོགས་མི་གྲངས་ཀྱི་གཏན་འབེབས(འཆར་ཟིན)》སྐོར་གྱི་གསལ་བཤད། 《མཚོ་ཤར་གྲོང་ཁྱེར་རྨ་ཙོང་རིག་གནས་སྲུང་སྐྱོབ་སྲོལ་ཡིག》སྐོར་གྱི་ཞིབ་བཤེར་སྙན་ཞུ། 《རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་རང་སྐྱོང་སྲོལ་ཡིག(བཟོ་བཅོས)》གི་ཞིབ་བཤེར་སྙན་ཞུ། 《ཟི་ལིང་གྲོང་ཁྱེར་དམངས་ཡོངས་ཀྱི་འོས་འགན་སྡོང་འཛུགས་སྲོལ་ཡིག(བཟོ་བཅོས)》གི་ཞིབ་བཤེར་སྙན་ཞུ། 《མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་འཇོན་མི་བྱ་བའི་སྐུལ་འདེད་སྲོལ་ཡིག》སྐོར་གྱི་ཞིབ་བཤེར་སྙན་ཞུ། 《མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི<ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང>གི་གཉེན་སྒྲིག་ལོ་ཚད་ཀྱི་བབ་བསྟུན་བཅོས་བསྒྱུར་ལག་བསྟར་གཏན་ཁེལ》སྐོར་གྱི་གསལ་བཤད། 《མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི<ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང>གི་གཉེན་སྒྲིག་ལོ་ཚད་ཀྱི་བབ་བསྟུན་བཅོས་བསྒྱུར་ལག་བསྟར་གཏན་ཁེལ》སྐོར་གྱི་ཞིབ་བཤེར་སྙན་ཞུ། མཚོ་སྔོན་ཞིང་ཆེན་གྱི2020ལོའི་ཞིང་ཆེན་རིམ་པའི་ནོར་སྲིད་ངེས་རྩིས(འཆར་ཟིན)གྲོས་ཞིབ་མཇུག་འབྲས་སྐོར་གྱི་སྙན་ཞུ། 《མཚོ་སྔོན་ཞིང་ཆེན་གྱི་གན་ཁྲལ་བཀོལ་སྤྱོད་ཁྲལ་ཚད་དང་གཟིགས་སྐྱོང་སྲིད་ཇུས་ལག་བསྟར་ཇུས་གཞི》སྐོར་གྱི་ཞིབ་བཤེར་མཇུག་འབྲས་སྙན་ཞུ། འཐུས་མི་ཁ་ཤས་ཀྱི་འཐུས་མིའི་ཐོབ་ཐང་སྐོར་གྱི་ཞིབ་བཤེར་སྙན་ཞུ་སོགས་འགྲེམ་སྤེལ་བྱས།

ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ནམ་ཞིང་ཆན་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཐིན་ཅ་ཚའེ་དང་། ཧྲིན་ཀྲང་གཞོན་པ་ལི་ཧུང་ཡ། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་འགན་འཁུར་བ། ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་འགན་འཁུར་བ་སོགས་གྲོས་ཚོགས་ལ་ཟུར་ཞུགས་བྱས། །

རྩོམ་སྒྲིག་པ། གསང་བདག་རྒྱལ།

དཔྱད་མཆན 0 ཡོད།