ཚེ་རིང་ཐར་གྱིས་མཚོ་ཤར་གྲོང་ཁྱེར་ལི་ཏུའུ་ཆུས་སུ་རྟོག་ཞིབ་གནང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཚེ་རིང་ཐར་མཚོ་ཤར་གྲོང་ཁྱེར་ལི་ཏུའུ་ཆུས་ཧོང་ཧྲུའེ་གྲོང་རྡལ་དང་ཀོ་མེའོ་གྲོང་རྡལ། ཧྲུའོ་ལི་གྲོང་རྡལ། ཙོང་ཐར་ཞོལ་མའི་བོད་རིགས་གྲོང་གསེབ་སོགས་སུ་ཕྱིན་ནས་སྔོ་ཚོད་ཐོན་སྐྱེད་དང་། གཞི་རྒྱ་ཅན་གྱི་གསོ་སྤེལ་དང་གྲོང་གསེབ་འཛུགས་སྐྲུན་སོགས་ཀྱི་བྱ་བར་རྟོག་ཞིབ་གནང་བར་མ་ཟད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་མཛད་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ས་ཁུལ་འཛུགས་སྐྲུན་བྱས་ཏེ། དབུལ་ཐར་འགག་སྒྲོལ་དང་གྲོང་གསེབ་དར་སྤེལ་གྱི་ཕན་འབྲས་སྦྲེལ་མཐུད་མཐོར་འདེགས་གཏོང་བ། གསོ་སྤེལ་ལས་རིགས་དར་རྒྱས་སུ་བཏང་ནས་མཐོ་སྒང་གི་ཁྱད་ཆོས་ལྡན་པའི་ཞིང་ཕྱུགས་ལས་རིགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བགྲོད་ལམ་བཏོད་དགོས་པར་ནན་གྱིས་བསྟན།

ཚེ་རིང་ཐར་ཞིང་ས་དང་དྲོད་ཁང་། མང་ཚོགས་ཁྱིམ་ཚང་སོགས་སུ་ཕྱིན་ནས་ས་གནས་མང་ཚོགས་དང་ཞིང་ལས་ལག་ཤེས་མི་སྣ་དང་བཞུགས་མོལ་བསམ་བློ་བརྗེ་རེས་དང་དགོས་མཁོར་ཉན། ཁོས་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་མཛད་སྐབས་ཀྱི་འཛུབ་སྟོན་གལ་ཆེན་གྱིས་མཚོ་སྔོན་གྱི་ཞིང་ཕྱུགས་ལས་འཕེལ་རྒྱས་ལ་ཁ་ཕྱོགས་གསལ་སྟོན་དང་གཞི་འཛིན་ས་འདོན་སྤྲོད་བྱས་ཡོད། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ས་ཁུལ་འཛུགས་སྐྲུན་གོ་སྐབས་སུ་བཟུང་ནས། གྲོང་གསེབ་དར་སྤེལ་གྱི་འཐབ་ཇུས་ལག་བསྟར་བྱེད་པར་གཅིག་གྱུར་འཆར་འགོད་དང་ཁྱད་ལྡན་ཐོན་ལས་སྟོབས་ལྡན་དུ་གཏོང་བ། ཞིང་ཕྱུགས་ཁྱད་ལྡན་ཐོན་ལས་ཀྱི་ཚོང་རྟགས་སྐྱེད་སྲིང་བྱེད་པ། ལི་ཏུའུ་ཆུས་ཡིས་ས་བབ་བཟང་བོ་དང་ཐོན་སྐྱེད་ལག་ཤེས་ཀྱི་ལེགས་ཆ་འདོན་སྤྲོད་གང་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་སྔོ་ཚོད་རང་འདེབས་བྱེད་ཚད་ལ་བྱས་རྗེས་འཇོག་པ། མང་ཚོགས་ཀྱི་རེ་འདུན་ལ་བརྩི་མཐོང་བྱས་ནས་སྤྱོད་ཁང་གསར་བརྗེ་དམ་འཛིན་བྱེད་པ་དང་། ཞིང་སྡེའི་སྡོད་ཁང་ཁོར་ཡུག་བཅོས་བསྒྱུར་བྱ་བར་མུ་མཐུད་དུ་སྐུལ་འདེད་བཏང་སྟེ། མཁར་གྲོང་གི་མང་ཚོགས་རྣམས་སྔར་ལས་གཞི་རྒྱ་ཆེ་བའི་བཅོས་བསྒྱུར་གྱི་གྲུབ་འབྲས་མྱོང་དུ་འཇོག་དགོས་པར་མ་ཟད། ས་ཞིང་སླར་གསོ་བཟང་པོའི་སྒོ་ནས་ཞིང་ལས་ཕྱིར་གཞི་རྩའི་སྟེང་འབབ་པར་བྱས་ཏེ།  “འབྲུ་མིན་ཅན”དང“ཞིང་མིན་ཅན”ལས་འགན་གྲོང་གསེབ་ནས་ཁྱིམ་ཚང་དུ་དོན་འཁྱོལ་བྱེད་དགོས་པར་བསྟན། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།