མཚོ་སྔོན་མྱུར་བགྲོད་གཞུང་ལམ་འགྲིམ་འགྲུལ་ཉེན་རྟོག་པའི་ཕྱིར་སྐྱོད་བདེ་འཇགས་ཀྱི་དྲན་སྐུལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ཆུ་བེད་ཐིང་དང་མཚོ་སྔོན་ཞིང་ཆེན་གནམ་གཤིས་ཅུའུ་གཉིས་མཉམ་དུ་ཆུ་ལོག་གི་གནོད་འཚེའི་གནམ་གཤིས་ཉེན་ཟོན་སྔོན་བརྡ་བཏང་ནས། ཆར་བ་བབས་པའི་རྐྱེན་གྱིས་སྔོན་དཔག་བྱས་ན་ཟླ7པའི་ཚེས25ཉིན་གྱི་ཆུ་ཚོད20ནས་ཟླ7པའི་ཚེས26ཉིན་གྱི་ཆུ་ཚོད12བར། ཟི་ལིང་གྲོང་ཁུལ་དང་ཧོང་ཀྲུང་ཆུས། ཧོང་ཡོན་རྫོང་། ཧུའུ་ཀྲུའུ་རྫོང་། ཕིན་ཨན་ཆུས། ལི་ཏུའུ་ཆུས། མིན་ཧོ་རྫོང་། ཁྲི་ཀ་རྫོང་། ཀོས་ནན་རྫོང་། ཐུན་ཏེ་རྫོང་། རྩེ་ཁོག་རྫོང་བཅས་ལ་ཆུ་ལོག་གི་གནོད་འཚེ(སྔོ་མདོག་སྔོན་བརྡ)ཐོན་ཉེན་ཡོད་པ་དང་། དཔའ་ལུང་རྫོང་དང་། གཅན་ཚ་རྫོང་། ཐུན་རིན་གྲོང་ཁྱེར། མིན་ཡོན་རྫོང་། ཏ་ཐུང་རྫོང་། གུང་ཧོ་རྫོང་། ཏུའུ་ལན་རྫོང་བཅས་ས་ཁུལ་སྐོར་ཅིག་ལ་ཆུ་ལོག་གི་གནོད་འཚེ་ཐོན་ཉེན་ཅུང་ཆེ་ལ(སེར་མདོག་སྔོན་བརྡ)། ཞིན་ཧེ་རྫོང་དང་། ཝུའུ་ལན་རྫོང་། ཞོན་ཧྭ་རྫོང་བཅས་ས་ཁུལ་སྐོར་ཅིག་ཏུ་ཆུ་ལོག་གི་གནོད་འཚེ་ཐོན་ཉེན་ཅུང་ཆེ་བ་ཡོད།(ལི་མདོག་སྔོན་བརྡ)གོང་གསལ་ས་ཁུལ་དག་གིས་དོགས་ཟོན་བྱེད་ཤུགས་ཆེ་རུ་བཏང་ནས། དུས་ཐོག་ཏུ་ལྟ་ཞིབ་ཚད་ལེན་དང་། ཆུ་ལོག་སྔོན་འགོག་དང་ཉེན་བརྡ་གཏོང་བ། ཉེན་གཡོལ་སྤོ་སྒྱུར་སོགས་ཀྱི་ཉེན་ཟོན་ལས་དོན་ལེགས་པར་བསྒྲུབ་པར་དོ་སྣང་བྱེད་དགོས། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།