རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཁྱིམ་ཆས་མཛེས་རྒྱན་ལས་རིགས་ཚོང་ཚོགས་ན་གཞོན་ཨུ་ལྷན་གྱིས་མཚོ་སྔོན་ཞིང་ཆེན་ལྷོ་རྒྱུད་སྐྱེ་ཁོངས་ཀྱི་སློབ་ཆེན་སློབ་མར་རོགས་སྐྱོར་ཞལ་འདེབས་འབུལ་བའི་མཛད་སྒོ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས23ཉིན་གྱི་སྔ་དྲོར། རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཁྱིམ་ཆས་མཛེས་རྒྱན་ལས་རིགས་ཚོང་ཚོགས་ན་གཞོན་ཨུ་ལྷན་གྱིས་མཚོ་སྔོན་ཞིང་ཆེན་ལྷོ་རྒྱུད་སྐྱེ་ཁོངས་ཀྱི་སློབ་ཆེན་སློབ་མར་ཞལ་འདེབས་འབུལ་བའི་མཛད་སྒོ་མཚོ་སྔོན་མི་རིགས་སློབ་ཆེན་ཤར་ཕྱོགས་སློབ་ཁུལ་ཧུང་དབྱི་ཐོག་ཁང་གི་རིག་གཞུང་སྙན་ཞུའི་ཚོམས་ཆེན་དུ་བསྡུས།

རྒྱུས་ལོན་བྱུང་བ་ལྟར་ན། རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཁྱིམ་ཆས་མཛེས་རྒྱན་ལས་རིགས་ཚོང་ཚོགས་ན་གཞོན་ཨུ་ལྷན་གྱིས་མཚོ་སྔོན་ལྷོ་རྒྱུད་སྐྱེ་ཁོངས་ཀྱི་སློབ་ཆེན་སློབ་མར་རོགས་སྐྱོར་བྱེད་པའི་བྱེད་སྒོའི་ནང་ཧུར་ཐག་གིས་ཞུགས་ནས། མཚོ་སྔོན་སློབ་ཆེན་དང་མཚོ་སྔོན་དགེ་འོས་སློབ་ཆེན། མཚོ་སྔོན་མི་རིགས་སློབ་ཆེན་བཅས་མཐོ་རིམ་སློབ་གླིང་གསུམ་གྱི་སྐྱེ་ཁུངས་མཚོ་སྔོན་ཡིན་པའི་སློབ་ཆེན་སློབ་མ100ལ་ལོ་བཞི་ལ་བསྟུད་མར་སློབ་སྐྱོར་རོགས་དངུལ་སྒོར་ཁྲི200བྱིན་དེ། མཚོ་སྔོན་ཞིང་ཆེན་གྱི་ཤིན་ཏུ་དབུལ་བོ་ཡིན་པའི་ས་ཁུལ་གྱི་དབུལ་ཐར་ཁྱིམ་ཚང་གི་སློབ་གསོའི་དཀའ་གནད་ཐག་གཅོད་བྱེད་རོགས་བྱས་ནས། བྱ་སྤྱོད་དངོས་ཀྱི་ཐོག་ནས་དམངས་གཉེར་ཁེ་ལས་ནུབ་རྒྱུད་ས་ཁུལ་དང་སྦྲེལ་བའི་བརྩེ་སེམས་ཟབ་མོ་མཚོན་པར་བྱས།

རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཁྱིམ་ཆས་མཛེས་རྒྱན་ལས་རིགས་ཚོང་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ན་གཞོན་པའི་མི་རབས་ལ་མངགས་བཅོལ་ཟབ་མོ་གནང་བ་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ནས། 《དུས་རབས་གསར་པའི་དམངས་གཉེར་དཔལ་འབྱོར་གྱི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ལ་ཤུགས་སྣོན་པའི་སྐོར་གྱི་བསམ་འཆར》གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། ན་གཞོན་ཨུ་ལྷན་རྨང་གཞིར་བྱས་ནས་བརྩེ་སེམས་སློབ་སྐྱོར་རོགས་དངུལ་ཐེབས་རྩ་ལྷན་ཚོགས་བཙུགས་ནས། མི་རིགས་ས་ཁུལ་དང་དར་རྒྱས་བྱུང་མེད་པའི་ས་ཁུལ་གྱི་ཁྱིམ་ཚང་གི་དཀའ་ངལ་དང་སྤྱོད་ཡོན་གཉིས་ལྡན་གྱི་སློབ་ཆེན་སློབ་མར་མུ་མཐུད་དུ་རོགས་དངུལ་བྱིན་དེ། ཁོང་ཚོའི་སློབ་སྦྱོང་དང་འཚོ་བའི་ཆ་རྐྱེན་ཇེ་ལེགས་སུ་གཏོང་བར་རོགས་སྐྱོར་བྱས་པ་མ་ཟད། ཐེངས་འདིའི་བརྩེ་སེམས་སློབ་སྐྱོར་བྱེད་སྒོའི་སྟེང་དུས་རབས་གསར་པའི་ན་གཞོན་ཁེ་ལས་པའི་སྤྱི་ཚོགས་ཀྱི་འགན་འཁྲིའི་བསམ་པ་དྲག་པོ་དང་རང་ཞིང་གི་གྲངས་ཉུང་མི་རིགས་ཀྱི་སློབ་མར་ཐུགས་ཁུར་དང་གཅེས་སྐྱོང་བྱེད་ལུགས་མངོན་པར་མཚོན་ཡོད།  །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།