སྐབས་འདིའི་མཚོ་སྔོན་ཉོ་ཚོང་ངོ་འཕྲད་གྲོས་མོལ་ཚོགས་འདུས་མིང་རྟགས་བཀོད་པའི་མ་དངུལ་སྒོར་དུང་ཕྱུར1000ལས་བརྒལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས25ཉིན་གྱི་དགོང་མོར། སྐབས22པའི་ཀྲུང་གོ་མཚོ་སྔོན་ལྗང་མདོག་འཕེལ་རྒྱས་དངུལ་གཏོང་ཉོ་ཚོང་ངོ་འཕྲད་གྲོས་མོལ་ཚོགས་འདུའི་མཇུག་སྒྲིལ་མཛད་སྒོ་དང་། སྐབས8པའི་མཚོ་སྔོན་པོའི(རྒྱལ་སྤྱིའི)གློག་སྒུལ་རླངས་འཁོར་འགྲན་རྩོད་འགྲན་བསྡུར་གྱི་བྱ་དགའ་སྟེར་བའི་མཛད་སྒོ་མཚོ་སྔོན་ཟློས་གར་ཁང་ཆེན་མོ་རུ་སྤེལ།མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་མགོན་པོ་བཀྲ་ཤིས་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཞོན་ཚོགས་འདུར་ཞུགས་པ་མ་ཟད་བྱ་དགའ་ཐོབ་པའི་འཐུས་མིར་བྱ་དགའ་གནང་བ་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ། ཧྲིན་ཀྲང་གཞོན་པ་ཝང་ལི་མིན་གྱིས་མཚོ་སྔོན་ཉོ་ཚོང་ངོ་འཕྲད་གྲོས་མོལ་ཚོགས་འདུའི་གྲུབ་འབྲས་ཁྱབ་བསྒྲགས་བྱས། 

སྐབས་འདིའི་མཚོ་སྔོན་ཉོ་ཚོང་ངོ་འཕྲད་གྲོས་མོལ་ཚོགས་འདུས“སྒོ་འབྱེད་མཉམ་ལས་དང་། ལྗང་མདོག་འཕེལ་རྒྱས”ཞེས་པའི་བརྗོད་དོན་རྒྱུན་འཁྱོངས་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་སྟེང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། མཚོ་སྔོན་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་ལེན་དོན་འཁྱོལ་བྱེད་པ་དང་དམ་དུ་འབྲེལ་ནས། ཕྱོགས་ཀུན་ནས་མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་གསར་བ་དང་ཕྱི་ཕྱོགས་སྒོ་འབྱེད་ཀྱི་རྣམ་པ་གསར་བ་མངོན་པ་དང་། མཚོ་སྔོན་གྱི་ཡིད་ཆེས་སྒོ་འབྱེད་ཀྱི་རྣམ་པ་གསར་བ་མཚོན་ཏེ། མཚོ་སྔོན་གྱིས་ལྗང་མདོག་ཐཱན་ཉུང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཡིད་ཆེས་མངོན་པར་མཚོན་ཞིང་། བསམ་ཚུལ་བརྗེ་རེས་ཟབ་སྤེལ་དང་མཉམ་ལས་མཉམ་རྒྱལ་གྱི་སྟེགས་བུ་གསར་བ་འཛུགས་སྐྲུན་བྱས། 

བསྡོམས་རྩིས་བྱས་པ་ལྟར་ན། སྐབས་འདིའི་མཚོ་སྔོན་ཉོ་ཚོང་ངོ་འཕྲད་གྲོས་མོལ་ཚོགས་འདུར་རྒྱལ་ཁབ་པུའུ་ཨུ་དང་ཀྲུང་དབྱང་ཁེ་ལས23དང་། དངུལ་རྩའི་སྡེ་ཁག་དང་ཚོང་ལས་མཐུན་ཚོགས་ཀྱི་མགོ་ཁྲིད་ཡོད་པ་དང་། ཞིང་ཆེན་དང་ཁུལ། གྲོང་ཁྱེར་འཐུས་ཚབ་ཚོགས་པ30དེ་མིན་སྐུ་མགྲོན13000འགྲེམ་སྟོན་སྟེང་ཞུགས། ཧྲང་ཧའེ་མཚོ་སྔོན་ཉོ་ཚོང་ངོ་འཕྲད་གྲོས་མོལ་ཚོགས་འདུའི་སྐུ་མགྲོན་གྲོང་ཁྱེར་གཙོ་བོ་ཡིན་པའི་ཆ་ནས། སྔར་ལས་ལྷག་པའི་སྒོ་ནས་ཧྲང་ཧའེ་དང་མཚོ་སྔོན་གྱི་ཁ་གཏད་རོགས་སྐྱོར་དང་། མཉམ་ལས་བརྗེ་རེས་ཐད་གཅིག་མཐུན་གྱི་འདོད་བློ་གསར་བ་དང་གྲུབ་འབྲས་གསར་བ་བྱུང་། མགོ་རྩོམ་མཛད་སྒོའི་གླེང་སྟེགས་དང་། འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་མཐོ་རིམ་གླེང་སྟེགས་སོགས་བརྗོད་དོན6གི་གླེང་སྟེགས་ཀྱིས། ལྗང་མདོག་འཕེལ་རྒྱས་ལ་དམིགས་ནས། “ས་གནས་བཞི”འཛུགས་སྐྲུན་དང་དམ་དུ་འབྲེལ་ཏེ། མཚོ་སྔོན་གྱིས་ལྗང་མདོག་འཕེལ་རྒྱས་ཀྱི་འཚོལ་ཞིབ་ལག་ལེན་ཐད་ཐབས་འདོན་ཇུས་འབུལ་བྱས། “རིག་འཛོམས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱིས་མཚོ་སྔོན་གསར་བར་རོགས་འདེགས་བྱེད”ཅེས་པའི་འཇོན་མིའི་ལས་གཞི་ངོ་འཕྲད་ཚོགས་འདུས་འཇོན་འགུག་བློ་འདྲེན་དང་ཚོང་འགུག་དངུལ་འདྲེན་གྱི་ཕན་ནུས་མཉམ་འདྲེས་མངོན་འགྱུར་བྱས་ཤིང་། ཞིང་ཆེན་ཕྱི་ནང་གིས་དོ་སྣང་ཆེན་པོ་བྱས།

777.jpg

ཆེས་གལ་ཆེ་བ་ནི། འགྲེམ་སྟོན་ཚོགས་འདུས་འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ་དང་། རྒྱལ་ཁབ་ནུས་ཁུངས་གཙང་མའི་ཐོན་ལས་གསར་སྐྲུན། རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་བྱེད་ས། ལྗང་མདོག་བཅུད་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱེད་ས་བཅས་གསར་སྐྲུན་བྱས་པ་དང་། བདེ་བླག་ངང་རིགས་སོ་སོའི་མཉམ་ལས་ལས་གཞི210ལ་མིང་རྟགས་བཀོད་པ་དང་། མིང་རྟགས་བཀོད་པའི་མ་དངུལ་སྒོར་དུང་ཕྱུར1000ལས་བརྒལ་ཞིང་། ལས་གཞིར་རྒྱུ་ཆ་གསར་བ་དང་ནུས་སྲི་ཁོར་སྲུང་། རིག་གནས་ཡུལ་སྐོར་སོགས་ལས་རིགས་ཁྱབ་ཁོངས19ཡོད་ཅིང་། གཡུར་དུ་ཟ་བའི་གྲུབ་འབྲས་བླངས། །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།