མཚོ་སྔོན་ཞིང་ཆེན་གྱི“གསར་གཉིས”རྩ་འཛུགས་ཀྱི་ཏང་འཛུགས་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས22ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི“གསར་གཉིས”ལས་དོན་ཨུ་ལྷན་གྱིས་ཞིང་ཆེན་ཡོངས་ཀྱི“གསར་གཉིས”རྩ་འཛུགས་ཀྱི་ཏང་འཛུགས་སྐྱོང་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“བདུན་གཅིག”གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི“གསར་གཉིས”རྩ་འཛུགས་ཀྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་གཏིང་ཟབ་ངང་སྤེལ་ཏེ། “གསར་གཉིས”རྩ་འཛུགས་ཀྱི་ཏང་འཛུགས་སྐྱོང་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བསམ་ཕྱོགས་དང་བྱ་ཐབས་ལ་བརྗེ་རེས་དང་སྐུལ་འདེད་བཏང་། 

ཚོགས་འདུའི་སྟེང་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱིས་འབད་འབུངས་ཀྱི་དུས་རབས་གསར་བ་དང་འབད་འཐབ་ཀྱི་རྒྱང་སྐྱོད་ལམ་བུ་གསར་བར་ཁ་ཕྱོགས་གསལ་སྟོན་གནང་སྟེ། “གསར་གཉིས”རྩ་འཛུགས་སྐྱོན་བྲལ་ངང་འཕེལ་རྒྱས་དང་ཏང་འཛུགས་སྐྱོང་ལ་སྤུས་ཚད་མཐོན་པོས་སྐུལ་འདེད་གཏོང་བར་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། སྤུས་ཚད་མཐོ་བའི་ཏང་འཛུགས་སྐྱོང་ལས་དོན་ཏན་ཏིག་ངང་སྤེལ་བ་དང་། ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་དང་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། སྲིད་ཇུས་དོན་འཁྱོལ་དང་ཐབས་ཇུས་ལ་ཞབས་ཞུ། ཁྲོམ་ར་གསར་འབྱེད། ལག་རྩལ་འགག་སྒྲོལ། ཕན་འབྲས་ཆེར་གཏོང་སོགས་ཐད་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་ནས་ཏང་གི་ཆབ་སྲིད་ལེགས་ཆ་དེ་འཕེལ་རྒྱས་ཀྱི་ལེགས་ཆར་བསྒྱུར་བ་དང་། ཏང་འཛུགས་སྐྱོང་ལས་དོན་གྱི་ཕན་འབྲས་དེ་འཕེལ་རྒྱས་ཀྱི་ཕན་འབྲས་སུ་བསྒྱུར་ཏེ། “གསར་གཉིས”རྩ་འཛུགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་ཞུ་དང་འགན་སྲུང་བྱེད་པར་སྒུལ་ཤུགས་ཆེན་པོ་གཅིག་ཏུ་བསྡུ་དགོས།

ཚོགས་འདུའི་སྟེང་ཆབ་སྲིད་ཀྱི་ངོ་བོ་དང་ཆབ་སྲིད་ཀྱི་བྱེད་ནུས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ་དང་། ཆབ་སྲིད་ཀྱི་སྣེ་ཁྲིད་དང་རྩ་འཛུགས་ཀྱི་ཁྲིད་སྟོན། དཔེ་སྟོན་གྱི་སྣེ་ཁྲིད་བཅས་ཀྱི་ཕན་འབྲས་ཆེ་རུ་བཏང་ནས། ཏང་གི་ཁྱོན་ཡོངས་ཀྱི་མགོ་ཁྲིད་དོན་འཁྱོལ་བྱེད་པར་སྤུས་ཚད་མཐོན་པོས་ནན་འཛིན་བྱེད་དགོས། ཏང་གི་རྩ་འཛུགས་དང་ལས་དོན་ཁྱབ་རྒྱར་ཤུགས་སྣོན་བརྒྱབ་ནས་གཅིག་བསྡུས་འགག་སྒྲོལ་དང་གཙོ་གནད་སྐུལ་འདེད། འཛུགས་སྐྲུན་ཚད་ལྡན་བཅས་བྱས་ཏེ་ཕན་འབྲས་ཆེར་གཏོང་ཐད་སྤུས་ཚད་མཐོན་པོས་ནན་འཛིན་བྱེད་དགོས། ཆབ་སྲིད་ཀྱི་ལངས་གནས་དང་གཙོ་གཞིའི་འགན་འཁྲི་མངོན་ཞིང་། གཡུལ་ས་དང་འགྲོ་གྲོན། ལམ་ལུགས་བཅས་ཀྱི་འགན་སྲུང་སྲ་བརྟན་དུ་བཏང་ནས་ཏང་འཛུགས་སྐྱོང་གི་རྨང་གཞིའི་འགན་སྲུང་སྲ་བརྟན་དུ་གཏོང་བའི་ཐད་སྤུས་ཚད་མཐོན་པོས་ནན་འཛིན་བྱེད་དགོས། “ཏང་འཛུགས་སྐྱོང་སྟོབས་ཆེན་དང་འཕེལ་རྒྱས་སྟོབས་ཆེན”ཡོང་བར་མུ་མཐུད་དུ་སྐུལ་འདེད་བཏང་ཞིང་། རྩ་འཛུགས་ཀྱི་འཚོ་བ་ཇེ་ལེགས་དང་ནུས་པ་འདོན་སྤེལ། དོ་ཁུར་མཉམ་སྒྲུབ་བཅས་བྱས་ནས། “གསར་གཉིས”རྩ་འཛུགས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་ཐད་སྤུས་ཚད་མཐོན་པོས་ནན་འཛིན་བྱེད་དགོས་པའི་བླང་བྱ་བཏོན། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།