མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཆེད་ལས་སློབ་གསོའི་བཅོས་བསྒྱུར་འཕེལ་རྒྱས་གསོ་སྦྱོང་ཚོགས་འདུ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སློབ་གསོའི་སྡེ་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཆེད་ལས་སློབ་གསོའི་ཐད་ཀྱི་མཆན་བཀོད་མཛུབ་སྟོན་དང་རྒྱལ་ཡོངས་ཆེད་ལས་སློབ་གསོའི་ཚོགས་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་གཏིང་ཟབ་སྤེལ་བཞིན་པའི་སྐབས་འདིར། ཟླ7པའི་ཚེས19ཉིན། སློབ་གསོ་པུའུ་ཆེད་ལས་སློབ་གསོའི་ཞིབ་འཇུག་ཁང་དང་ཞིང་ཆེན་སློབ་གསོ་ཐིང་གཉིས་ཀྱི་གཙོ་སྒྲུབ་དང་། མཐོ་རིམ་སློབ་གསོ་དཔེ་སྐྲུན་ཁང་དང་ཞིང་ཆེན་ཆེད་ལས་སློབ་གསོ་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས་ཀྱི་འགན་སྒྲུབ་བྱས་པའི“ཞིང་ཆེན་ཡོངས་ཀྱི་ཆེད་ལས་སློབ་གསོའི་བཅོས་བསྒྱུར་འཕེལ་རྒྱས་གསོ་སྦྱོང་ཚོགས་འདུ”ཟི་ལིང་དུ་བསྡུས།

ཐེངས་འདིའི་གསོ་སྦྱོང་ཚོགས་འདུ་ཉིན་གསུམ་ཡིན་ཞིང་། ཆེད་ལས་སློབ་གསོའི་ཁྱབ་ཁོངས་ཀྱི་ཆེད་མཁས་པ་གདན་དྲངས་ནས་སློབ་ཁྲིད་བྱེད་དུ་བཅུག་པ་དང་། ལས་འགན་གཙོ་བོ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་རྒྱལ་ཡོངས་ཆེད་ལས་སློབ་གསོའི་ཚོགས་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་བྱས་ཏེ། མཆན་བཀོད་མཛུབ་སྟོན་དང་ཚོགས་ཆེན་གྱི་དགོངས་དོན་གྱི་གོ་དོན་ཡང་དག་པར་ཁོང་དུ་ཆུད་པར་བྱས་ནས། ཆེད་ལས་སློབ་གླིང་གིས་འཇོན་མི་གསོ་སྐྱོང་གི་རྣམ་པ་དང་སློབ་སྒྲུབ་ཀྱི་རྣམ་པ། དོ་དམ་སྒྲིག་སྲོལ། སློབ་སྒྲུབ་སྒྲིག་སྲོལ་བཅོས་བསྒྱུར་ལ་མཛུབ་སྟོན་བྱས་ཏེ། རང་ཞིང་གི་ཆེད་ལས་སློབ་གསོ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་། 

ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར2དང་ཁུལ6གི་སློབ་གསོའི་སྲིད་འཛིན་སྡེ་ཁག་གི་ཡན་ལག་དོ་དམ་འགན་ཁུར་བློ་མཐུན་དང་། འབྲེལ་ཡོད་གཞུང་སྒྲུབ་ཁང་གི་འགན་ཁུར་བློ་མཐུན། དེ་མིན་ཞིང་ཆེན་ཡོངས་ཀྱི་ཆེད་ལས་སློབ་གླིང་གི་ཡན་ལག་དོ་དམ་འགན་ཁུར་བློ་མཐུན་གཙོ་བོ་དང་འབྲེལ་ཡོད་ལས་གཉེར་གཞུང་ལས་ཁང་གི་འགན་ཁུར་བ་མི140ཚོགས་འདུར་ཞུགས་ཡོད།  ། 

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།