མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་ལས་བྱེད་པའི་མི་དོན་ཡིག་ཚགས་ཆེད་དམིགས་ཞིབ་བཤེར་བྱ་བར་རྟོག་ཞིབ་བྱེད་པའི་བཞུགས་མོལ་གྲོས་ཚོགས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཁྱབ་ཁོངས་ཁག་གཅིག་གིས་དུས་ཐེངས་བཞིའི་ཡིག་ཚགས་ཆེད་དོན་ཞིབ་བཤེར་ལས་དོན་ལ་རྟོག་ཞིབ་བྱེད་པའི་བཞུགས་མོལ་གྲོས་ཚོགས་འཚོགས་པ་དང་། གྲོང་ཁྱེར་དང་ཁུལ་ཁག་གཅིག་དང་ཞིང་ཆེན་ཐད་གཏོགས་ལས་ཁུངས། ཞིང་ཆེན་དོ་དམ་ཁེ་ལས་དང་ལས་དོན་ལས་ཁུངས་རྩ་འཛུགས་མི་དོན་སྡེ་ཁག་གི་འགན་འཁུར་བ། ཡིག་ཚགས་དོ་དམ་མི་སྣ་བཅས་ཁྱོན་མི110གྲོས་ཚོགས་ལ་ཞུགས།

བཞུགས་མོལ་གྲོས་ཚོགས་སྟེང་གནད་དོན་ཕྱོགས་སྟོན་དུ་འཛིན་པ་མཐའ་འཁྱོངས་ཀྱིས་ལས་བྱེད་པའི་མི་དོན་ཡིག་ཚགས་ཀྱི་ཆེད་དོན་ཞིབ་བཤེར་ལས་དོན་ཁྲོད་ཀྱི་མངོན་གསལ་དོད་པའི་གནད་དོན་དང་ཞན་ཆའི་ལྷུ་ཚིགས་ལ་དམིགས་ཏེ། ཆེད་དོན་ཞིབ་བཤེར་ལས་དོན་ཁྲོད་ཀྱི་ཉམས་མྱོང་བཟང་པོ་དང་བྱེད་ཐབས་བཟང་པོར་ནན་གྱིས་ཕྱོགས་སྡོམ་དང་ཆེད་དོན་ཞིབ་བཤེར་བརྒྱུད་རིམ་ཁྲོད་བྱུང་བའི་ཡོངས་ཁྱབ་རང་བཞིན་གྱི་གནད་དོན་དང་སྒེར་གཤིས་ཀྱི་གནད་དོན་ལ་གསེད་བཀྲོལ་དང་དབྱེ་ཞིབ་ཞིབ་ཕྲ་བྱས་ནས་ཐག་གཅོད་བྱ་ཐབས་ཏན་ཏིག་དང་ནུས་ལྡན་ཞིབ་འཇུག་བྱེད་པ། བཞུགས་མོལ་གྲོས་ཚོགས་སྟེང་ལས་བྱེད་པའི་མི་དོན་ཡིག་ཚགས་ལས་དོན་སྐོར་གྱི་ཀྲུང་དབྱང་དང་ཞིང་ཆེན་ཨུ་ལྷན་གྱི་སྲིད་ཇུས་གསར་པ་དང་བླང་བྱ་གསར་པ་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་མ་ཟད། ཞིབ་བཤེར་གཏན་འབེབས་ལག་ལེན་ཁྲོད་ཀྱི་གནད་དོན་གསར་པ་དང་དཀའ་གནད་གསར་པའང་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱས་པ་དང་། གོམ་སྟབས་རྗེས་མའི་ལས་དོན་ཐད་བཀོད་སྒྲིག་གསར་པ་བྱས་པས་ཆེད་དོན་ཞིབ་བཤེར་ལས་དོན་རྒྱུན་མཐུད་དང་གཏིང་ཟབ་ངང་སྤེལ་བར་ནུས་པ་ལྡན་པའི་སྐུལ་འདེད་བྱས། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།