སྐབས་ཉེར་གཉིས་པའི་མཚོ་སྔོན་ཉོ་ཚོང་ངོ་འཕྲད་གྲོས་མོལ་ཚོགས་འདུའི་ཁྱད་ལྡན་ཐོན་རྫས་ཀྱིས་ལྟད་མོ་བའི་ཡིད་དབང་བཀུགས།

1.jpg

པར་འདི་ནི་ཟླ7པའི་ཚེས22ཉིན་རེབ་གོང་སྒྱུ་རྩལ(བརྩེགས་དྲུབ)ཞིང་ཆེན་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་རྒྱུད་འཛིན་པ་ཀུན་བཟང་མཚོས་མཚོ་སྔོན་ཉོ་ཚོང་ངོ་འཕྲད་གྲོས་མོལ་ཚོགས་འདུའི་སྟེང་ཡུལ་དངོས་སུ་བརྩེགས་དྲུབ་བྱེད་བཞིན་པའི་ཚུལ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས22ཉིན། སྐབས་ཉེར་གཉིས་པའི་མཚོ་སྔོན་ལྗང་མདོག་འཕེལ་རྒྱས་དངུལ་གཏོང་ཉོ་ཚོང་ངོ་འཕྲད་གྲོས་མོལ་ཚོགས་འདུ་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་དུ་གཟབ་རྒྱས་ངང་མགོ་བརྩམས། མཚོ་སྔོན་རྒྱལ་སྤྱིའི་འགྲེམ་སྟོན་ལྟེ་གནས་ཀྱི་འགྲེམ་ཁང་དུ། ཕུན་སུམ་ཚོགས་ཤིང་ངོ་མཚར་ཆེ་བའི་མཚོ་སྔོན་གྱི་ཁྱད་ལྡན་ཐོན་རྫས་དག་གིས་ལྟད་མོ་བའི་ཡིད་དབང་ཅིག་ཅར་ཏུ་འཕྲོགས།

2.jpg

པར་འདི་ནི་ཟླ7པའི་ཚེས22ཉིན་ལས་བྱེད་མི་སྣ་ཞིག་གིས་ལག་འཁྱེར་ཁ་པར་གྱིས་འགྲེམ་སྟོན་ཐོན་རྫས་པར་ལེན་བཞིན་པའི་ཚུལ་རེད།

3.jpg

པར་འདི་ནི་ཟླ7པའི་ཚེས22ཉིན་ལྟད་མོ་བས་ཡུལ་དངོས་སུ་ལྟ་སྐོར་བྱེད་བཞིན་པའི་ཚུལ་རེད།

4.jpg

པར་འདི་ནི་ཟླ7པའི་ཚེས22ཉིན་ལྟད་མོ་བས་མཚོ་སྔོན་གྱི་ཁྱད་ལྡན་ཐོན་རྫས་འདེམ་བཞིན་པའི་ཚུལ་རེད།

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།