རྒྱལ་སྤྱིའི་རྨ་ཆུར་རྐྱལ་བའི་གདན་ཞུ་འགྲན་བསྡུར་དངོས་སུ་མགོ་བརྩམས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས24ཉིན། སྐབས་བཅོ་ལྔ་བའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་རྨ་ཆུར་རྐྱལ་བའི་གདན་ཞུ་འགྲན་བསྡུར་དེ་མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་ཞོན་ཧྭ་ས་ལར་རིགས་རང་སྐྱོང་རྫོང་དུ་དངོས་སུ་མགོ་བརྩམས། ཐེངས་འདིའི་འགྲན་བསྡུར་སྟེང་འཇར་མན་དང་ཨ་རི། ཁ་ན་ཏ། ནེའུ་ཙི་ལན། དབྱིན་ཇི་སོགས་རྒྱལ་ཁབ་དང་ས་ཁུལ27གྱི་ལུས་རྩལ་པ266ཞུགས་ཡོད།

རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་འགྲན་བསྡུར་ཚེས24དང་ཚེས25ཉིན་ལ་ཞོན་ཧྭ་རྫོང་ཁོངས་ཀྱི་རྨ་ཆུར་བཞུར་རྒྱུད་དུ་སྤེལ་བ་ཡིན་པ་དང་། འགྲན་བསྡུར་གྱི་ཆུ་ངོས་ས་བབ་མཐོ་ཚད་ལ་སྨི1800དང་གཏིང་ཟབ་ལ་སྨི3.6། རྒྱུག་ཚད་ལ་སྐར་ཆ་རེར་སྨི3.3དང་ཆ་སྙོམས་ཀྱི་ཆུའི་མགྱོགས་ཚད་ལ་སྐར་ཆ་རེར་སྨི2.0ཡིན།

འགྲན་བསྡུར་འདི་ནི་ཀྲུང་གོའི་ས་བབ་མཐོ་བ་དང་ཆུ་དྲོད་དམའ་བ། ཆུ་རྒྱུན་དྲག་པ། དབྱང་རླུང་དཀོན་པ་བཅས་ཀྱི་འཛམ་གླིང་སྣེ་གསུམ་པར་སྒྲུབ་པའི་སྤྱི་བའི་ཆུ་ཁོངས་ཀྱི་རྒྱལ་སྤྱིའི་འགྲན་བསྡུར་ཞིག་ཡིན། འགྲན་བསྡུར2004ལོར་ཐོག་མར་བསྒྲུབས་པ་དང2005ལོར་རྒྱལ་སྤྱི་རང་བཞིན་གྱི་འགྲན་བསྡུར་དུ་རིམ་སྤོར་བྱས་པ་རེད། །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།