ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ལྷན་ཚོགས་བཙུགས་ནས་ལོ་བདུན་ཅུ་འཁོར་བའི་བཞུགས་མོལ་ཚོགས་འདུ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བདུན་པའི་ཚེས་ཉེར་གསུམ་ཉིན། ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ལྷན་ཚོགས་བཙུགས་ནས་ལོ་བདུན་ཅུ་འཁོར་བའི་བཞུགས་མོལ་ཚོགས་འདུ་བསྡུས། ཚོགས་ཐོག་ཏུ་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་དང་ཧྲིན་ཀྲང་ཞིན་ཁྲང་ཞིང་གཉིས་ཀྱིས་བསྐུར་བའི་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་སྒྲོག་འདོན་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱི་ཀྲུའུ་ཞི་མ་ཅི་ཞོ་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད་པ་དང་། ཧྲིན་ཀྲང་གཞོན་པ་ཀྲང་ལིས་ཀྱིས་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་སྒྲོག་འདོན་བྱས།

མ་ཅི་ཞོ་ཡིས་བསྟན་དོན། ལོ་བདུན་ཅུའི་རིང་ལ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཡང་དག་པའི་མགོ་ཁྲིད་འོག ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་བུད་མེད་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་ཏང་གིས་བུད་མེད་ལ་འབྲེལ་འདྲིས་བྱེད་པའི་སྒྲོག་ཐག་ལྟ་བུའི་ནུས་པ་འདོན་སྤེལ་བྱེད་པ་རྒྱུན་འཁྱོངས་བྱས་ཤིང་། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་བུད་མེད་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་གསར་བརྗེ་འཐབ་རྩོད་ཁྲོད་ཞུགས་པ་དང་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱས་པ། བཅོས་སྒྱུར་སྒོ་འབྱེད་ལས་དོན་ལ་སྐུལ་འདེད་བཏང་བར་མ་ཟད། བུད་མེད་ལས་དོན་ཐད་ལ་བྱས་རྗེས་མངོན་གསལ་བཞག་ཟེར།

ཚོགས་ཐོག་ཏུ་བློ་མཐུན་བརྒྱད་ཀྱིས་རང་གི་འགན་འཁྲི་ལ་རྐང་བཙུགས་ཏེ། མཚོ་སྔོན་དང་མཉམ་དུ་འཚར་ལོངས་བྱུང་བ་དང་མེས་རྒྱལ་དང་མཉམ་དུ་འབད་འཐབ་བྱས་པའི་ལོ་རྒྱུས་བརྒྱུད་རིམ་བརྗོད། །


རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།