2021ལོའི་ཀྲུང་གོ་མཚོ་སྔོན་ལྗང་མདོག་དངུལ་རྩའི་གླེང་སྟེགས་ཀྱི་དངུལ་རྩས་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་བཞུགས་མོལ་ཚོགས་འདུ་ཟི་ལིང་ནང་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བདུན་པའི་ཚེས་ཉེར་གསུམ་ཉིན། ཉིས་སྟོང་ཉེར་གཅིག་ལོའི་ཀྲུང་གོ་མཚོ་སྔོན་ལྗང་མདོག་དངུལ་རྩའི་གླེང་སྟེགས་ཀྱི་དངུལ་རྩས་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་བཞུགས་མོལ་ཚོགས་འདུ་ཟི་ལིང་ནང་བསྡུས་ཏེ། ལྗང་མདོག་དངུལ་རྩའི་མ་ལག་གསར་སྐྲུན་བྱེད་པ་དང་། སྐྱེ་ཁམས་དཔལ་ཡོན་མཐོ་ས་གསར་སྐྲུན་བྱས་ནས་དངུལ་རྩས་སྔར་ལས་ལྷག་པའི་སྒོ་ནས་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་ཞུ་བསྒྲུབ་པར་སྐུལ་འདེད་གཏོང་བར་གྲོས་བསྡུར་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཝང་ལིས་མེན་ཚོགས་འདུར་ཞུགས་པར་མ་ཟད་ཤིས་ཚིག་ཕུལ།

ཝང་ལིས་མེན་གྱིས་བསྟན་དོན། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་མཛུབ་སྟོན་དུ་བཟུང་སྟེ། སྟོབས་ཤུགས་ཡོད་རྒུ་བཏོན་ནས་བརྟན་འཇགས་དྲུག་གི་བྱ་བ་བཟང་བོར་བསྒྲུབ་པ་དང་། འགན་སྲུང་དྲུག་གི་ལས་འགན་དངོས་འབེབས་བཟང་བོ་བྱེད་པ་དང་མཉམ་དུ་དཔེ་སྟོན་ལྔའི་ཞིང་ཆེན་དང་གནས་བཞིའི་འཛུགས་སྐྲུན་ལ་མྱུར་དུ་སྐུལ་འདེད་གཏོང་བ་དང་། དཔལ་འབྱོར་འཛིན་སྟངས་བཞི་གསོ་སྐྱོང་དང་འཕེལ་རྒྱས་སུ་བཏང་ནས། དཀའ་སྤྱད་འབད་བརྩོན་སྒོས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པར་མཚོ་སྔོན་གྱིས་བྱས་རྗེས་འཇོག་ངེས་ཡིན་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།