སྐབས་ཉེར་གཉིས་པའི་མཚོ་སྔོན་ཉོ་ཚོང་ངོ་འཕྲད་གྲོས་ཚོགས་ཀྱི་མགོ་ལོག་ཚོགས་ར་དངོས་སུ་མགོ་ཚུགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། (གསར་འགོད་པ། རིག་ལྡན་རྒྱ་མཚོ།) 2021ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པའི་ལོ་དང་། “ལོ་ལྔའི་འཆར་གཞི་བཅུ་བཞི་པའི”འཆར་འགོད་མགོ་རྩོམ་པའི་ལོ། ཧྲང་ཧའེ་གྲོང་ཁྱེར་གྱིས་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་ལ་ཁ་གཏད་རོགས་སྐྱོར་བྱས་ནས་ལོ་བཅུ་གཅིག་འགོར་བའི་ལོ་བཅས་རེད། མཚོ་སྔོན་ཉོ་ཚོང་ངོ་འཕྲད་གྲོས་མོལ་ཚོགས་འདུ་སྐབས་ཉེར་གཉིས་པའི་ཐོག་མགོ་ལོག་ཁུལ་གྱིས་ཧྲང་ཧའེ་དང་མགོ་ལོག་གཉིས་ཀྱི་རོགས་སྐྲུན་གནས་ཚུལ་དང་། དངུལ་གཏོང་ལ་སྐུལ་འདེད་བཏང་ནས་མགོ་གསར་བ་རྩོམ་པ། བྱེད་སྒོ་ཕུན་སུམ་ཚོགས་པར་བཏང་ནས་ཁྱད་ཆོས་སྣ་མང་བཏོད་པ། ངོ་འཕྲད་གྲོས་མོལ་དང་བརྗེ་རེས་ལ་བརྟེན་ནས་མཉམ་ལས་ལ་སྐུལ་འདེད་གཏོང་བ་བཅས་ཕྱོགས་བཞིར་དམིགས་ནས་མགོ་ལོག་ཁུལ་གྱི“ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”ཚུན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་དང་། “ལོ་ལྔའི་འཆར་གཞི་བཅུ་བཞི་པའི”འཕེལ་རྒྱས་ཀྱི་མདུན་ལམ་ལ་ཚད་མཐོའི་ཕྱོགས་བསྡུས་རང་བཞིན་གྱི་འགྲེམ་སྟོན་ཚོང་གཉེར་བྱ་རྒྱུ་རེད། ཆེད་དོན་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་བརྒྱུད་ཁ་ཕྱོགས་གཏན་འཁེལ་གྱི་འོས་སྦྱོར་དང་། རིག་གནས་སྣང་ཚུལ་དང་སྒྱུ་རྩལ་ཡུལ་དངོས་སུ་འགྲེམས་སྟོན་བྱེད་པ། ཁྱད་ལྡན་ཐོན་རྫས་དྲ་ཐོག་དང་དྲ་ཐོག་མ་ཡིན་པ་ནས་འོས་སྦྱོར་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ།  སྔར་ལས་མི་མང་པོས་མགོ་ལོག་ལ་ཤེས་རྟོགས་བྱེད་པ་དང་མགོ་ལོག་ལ་མ་དངུལ་གཏོང་བ། མགོ་ལོག་ཏུ་ཡུལ་སྐོར་བྱེད་པ་ལས་གཞན། ཕུན་སུམ་ཚོགས་པའི་འགྲེམས་ཚོགས་ལ་བརྟེན་ནས་མགོ་ལོག་གི“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”འཕེལ་རྒྱས་ལ་རམ་འདེགས་བྱེད་པའི་མགོ་ཡག་པོ་འཛུགས་པ་དང་གོམ་པ་ཡག་པོ་སྤོས་ཏེ་ཚོང་འགུག་དངུལ་འདྲེན་ཐུབ་པར་བརྩོན་ལེན་བྱ་རྒྱུ་རེད།

མིག་སྔར་མགོ་ལོག་ཁུལ་གྱིས་གྲོང་ཁྱེར་དང་ཁུལ་རིམ་པ་བརྗོད་དོན་ཡིན་པའི་རིམ་བསྟར་བྱེད་སྒོ་སྤེལ་མགོ་ཚུགས་པའི་མཛད་སྒོ་དང“གངས་ལྗོངས་དག་ཞིང་། ཁྱད་མཚར་མགོ་ལོག”རིག་གནས་ཡུལ་སྐོར་གྱི་ཆེད་དོན་འོས་སྦྱོར། ས་མཐོའི་སྐྱེ་ལྡན་ཕྱུགས་ལས་ཐོན་རྫས་ཀྱི་ཆེད་དོན་འོས་སྦྱོར། གངས་ལྗོངས་བོད་ཇའི་ཐོན་རྫས་དཔྱད་གཞིར་འཛིན་པ་དང་ནགས་ལས་དཔལ་འབྱོར་ཐོན་རྫས་ཀྱི་ཆེད་དོན་འོས་སྦྱོར། ཀྲུང་བོད་ལུགས་གསོ་རིག་གི་ཐོན་རྫས། དབྱར་རྩྭ་དགུན་འབུའི་ཆེད་དོན་འོས་སྦྱོར་བཅས་ཀྱི་བྱེད་སྒོ་སྤེལ་རྒྱུ་གཏན་འཁེལ་བྱས་ཏེ། ལག་རྡང་གཅིག་ཏུ་སྦྲེལ། གཅིག་སེམས་གཅིག་ལ་མཐུན། “རྨ་ཆུ་ནས་འབྲི་ཆུ་བར”ཞེས་པའི་བརྗོད་དོན་གཙོ་བོའི་རོལ་དབྱངས་འདུ་ཚོགས་དང་། མགོ་ལོག་གི་ཚོང་གཉེར་ཁོར་ཡུག་འོས་སྦྱོར་དང་ཚོང་འགུག་དངུལ་འདྲེན་ཆེད་དོན་མིང་རྟགས་འགོད་པའི་བྱ་འགུལ། ཧྲང་ཧའེ་དང་མགོ་ལོག་ས་གནས་གཉིས་ཀྱི་དམངས་གཉེར་ཁེ་ལས་པའི་བཞུགས་མོལ་ཚོགས་འདུ། དྲ་ཐོག་གི“སྤྲིན་གྱི་བང་རིམ་མགོ་ལོག”གློག་རྡུལ་ཚོང་དོན་སྤྱི་སྤྱོད་ཟོང་རྟགས་གཏོད་པ། གསར་བརྗེའི་གནས་ཚུལ་དངོས་བརྗོད་གཞི་ཡིན་པའི་འཁྲབ་གཞུང《ཇི་སྲིད་ཀྱི་རྒྱང་སྐྱོད》ཆེད་དོན་འཁྲབ་སྟོན་དང་། མགོ་ལོག་ཁུལ་གྱི་འཛད་སྤྱོད་རོགས་ལས་ཐོན་ལས་འཕེལ་རྒྱས་སྤྱི་ཕན་མནའ་འབྲེལ་འོས་སྦྱོར་སོགས་ཀྱི་བྱེད་སྒོ་སྤེལ་རྒྱུ་རེད།  །

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།