མགོ་ལོག་ཁུལ་པད་མ་རྫོང་དམར་དམག་ལུང་པའི་གསར་བརྗེའི་གནས་ཤུལ།

དམར་དམག་ལུང་པ་ནི་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པད་མ་རྫོང་ཡར་ཐང་ཞང་གི་ཤར་རྒྱུད་དུ་གནས་པ་དང་། དེ་ནི་འཛི་མདའ་ལུང་པ་ཡིན། དམར་དམག་རྒྱང་སྐྱོད་པད་མ་རྫོང་དུ་བརྒྱུད་སྐབས་ལུང་པ་དེར་ཐེངས་མང་བསྐྱོད་སྟབས་མང་ཚོགས་ཀྱིས་དེའི་མིང“དམར་དམག་གི་ལུང་པ”ཞེས་པར་བསྒྱུར་ནས་དྲན་གསོ་ཞུས། པད་མ་ནི་དམར་དམག་རྒྱང་སྐྱོད་བྱེད་སྐབས་མཚོ་སྔོན་བརྒྱུད་པའི་ས་ཆ་གཅིག་པུ་དེ་ཡིན།

1934ལོའི་ཟླ10པར། ཀྲུང་དབྱང་གསར་བརྗེའི་གནས་གཞི་ས་ཁུལ་གྱིས་ཐེངས་ལྔ་པའི“སྐོར་བཅོམ”ལ་ངོ་རྒོལ་བྱས་པ་ཕམ་རྗེས། ཀྲུང་གོའི་བཟོ་ཞིང་དམར་དམག་གི་གཙོ་ཤུགས་དེ་འབྲི་ཆུའི་ལྷོ་བྱང་གི་སུའུ་ཝེ་ཨའེ་ས་ཁུལ་སོ་སོ་ནས་ཧྲའན་ཀན་གསར་བརྗེའི་གནས་གཞི་ས་ཁུལ་དུ་འཐབ་ཇུས་གནས་སྤོར་བྱས། 1936ལོའི་ཟླ4པར་དམར་དམག་ངོས་ཕྱོགས་དཔུང་ཚོགས་བཞི་པ་དཀར་མཛེས་ས་ཁུལ་དུ་འབྱོར། དམར་དམག་དཔུང་ཚོགས་གཉིས་པ་དང་དམར་དམག་དཔུང་ཚོགས་དྲུག་པ1936ལོའི་ཟླ7པའི་ཚེས2ཉིན་དམར་དམག་ངོས་ཕྱོགས་དཔུང་ཚོགས་བཞི་པ་དང་མཉམ་དུ་དཀར་མཛེས་ས་ཆར་འཛོམས། ཟླ7པའི་ཚེས5ཉིན། ཀྲུང་དབྱང་གསར་བརྗེ་དམག་དོན་ཨུ་ཡོན་ལྷན་ཁང་གིས་གློག་འཕྲིན་བཏང་སྟེ་དམར་དམག་འབུམ་དཔུང2པ་དང་།དམར་དམག་འབུམ་དཔུང6པ་མཉམ་དུ་བསྒྲིགས་ནས་དམར་དམག་ངོས་ཕྱོགས་དཔུང་ཚོགས་གཉིས་པའི(དམར་དམག་འབུམ་དཔུང32པའི་སྒྲིག་ཁོངས་སུ་བཅུག)མིང་དམར་དམག་འབུམ་དཔུང2པ་དང་།དམར་དམག་འབུམ་དཔུང6པར་བསྒྱུར། དམར་དམག་གི་ངོས་ཕྱོགས་དཔུང་ཚོགས་གཉིས་པ་དང་བཞི་པ་མཉམ་པོར་བྱང་དུ་བསྐྱོད་དེ་རྔ་བ་དང་བབ་བཟོར་དཔུང་འཇུག་བྱས་ཏེ་ཏང་ཀྲུང་དབྱང་དང་དམར་དམག་ངོས་ཕྱོགས་དཔུང་ཚོགས་དང་པོ་དང་ལྷན་དུ་འཛོམ་རྒྱུའི་ཐག་བཅད།

1936ལོའི་ཟླ7པའི་ཟླ་མགོར།དམར་དམག་ངོས་ཕྱོགས་དཔུང་ཚོགས་བཞི་པའི་དཔུང་ཚོགས་གཡོན་དང་དབུས་དང་གཡས་བཅས་གཞུང་སྒྲིག་རུ་དཔུང་གསུམ་དུ་བསྒྲིགས་ནས་བྱང་དུ་བསྐྱོད། ཀྲུའུ་ཏེ་དང་ཀྲང་ཀུའོ་ཐའོ་གཉིས་ཀྱིས་གཞུང་སྒྲིག་རུ་དཔུང་གཡོན་པར་བཀོད་འདོམས་བྱས་ཏེ་རི་ཆེན་དང་། རོང་བཞི། རྔ་བའི་འཐབ་ཕྱོགས་དང་པོ་བཅས་ནས་བན་ཡུལ་ཕྱོགས་སུ་དཔུང་འཇུག་བྱས། དེའི་ཡར་སྔོན་དུ། ལི་ཞན་ཉན་གྱིས་སྣེ་ཁྲིད་པའི་ཅུན30པའི་ཧྲི89དང་།སྐྱ་དམག་ཧྲི་དང་།དམར་དམག་སྤྱི་ཁྱབ་པུའུ་ཡི་ཅུས་ལྔ་པའི(སློབ་གསོ་ཅུས)གཞུང་སྒྲིག་གཡོན་གྱི་སྔོན་སྐྱོད་དམག་དཔུང་བྱས་ཏེ།ཟླ6པའི་ཚེས27ཉིན་དཀར་མཛེས་ནས་ལམ་ལ་ཆས་ཏེ།གཞུང་སྒྲིག་རུ་དཔུང་གཡོན་གྱི་རྗེས་མཐུད་དམག་དཔུང་ལ་འབྲུ་རིགས་གྲབས་གསོག་དང་བགྲོད་ལམ་འཚོལ་ཞིབ་བྱས། ཟླ7པའི་ཚེས3ཉིན།གཞུང་སྒྲིག་རུ་དཔུང་གཡོན་གྱི་སྔོན་སྐྱོད་དམག་དཔུང་སྔོན་ལ་པད་མ་གྲུབ་ཆེན་ཞང་ཐང་ཡག་ལུང་པ(ཐང་ཡག་ལུང་པ་ནི་ད་ལྟའི་སྨར་ཁོག་ནགས་ར་ཡོད་ས་ཡིན)ཡི་མངའ་ཁོངས་སུ་བསྐྱོད། ཚེས12ཉིན་པད་མ་མཛོ་མོ་ལུང་པར་སླེབས། ཟླ7པའི་ཚེས10ཉིན། ཀྲུའུ་ཏེ་དང་ཀྲང་ཀུའོ་ཐའོ། རེན་པི་ཧྲི་བཅས་ཀྱིས་མགོ་ཁྲིད་པའི་ཅུན30པའི་ཧྲི88པ་དང་།ཅུན4པའི་ཧྲི10པ།ཧྲི11པ།དེ་མིན་དམར་དམག་གི་སྤྱི་ཁྱབ་པུའུ་བཅས་ཀྱིས་གྲུབ་པའི་བྱང་སྐྱོད་དམར་དམག་གི་ལྟེ་བའི་ཆ་ཤས་རྣམས་པད་མ་རོང་བཞི་ས་ཁུལ(དེང་གི་པད་མ་རྫོང་པཎ་ཆེན་ཞང་ཁོངས)དུ་འབྱོར། ཀྲུའུ་ཏེ་དང་ཀྲང་ཀུའོ་ཐའོ་དང་རེན་པི་ཧྲི་སོགས་རོང་བཞི་རུ་འབྱོར་བ་དེ་ནི་ཀྲུང་གོ་བཟོ་ཞིང་དམར་དམག་གི་ཆེས་མཐོའི་མགོ་ཁྲིད་ལས་ཁུངས་མཚོ་སྔོན་ཞིང་ཆེན་ཤར་ལྷོའི་རྒྱུད་ཀྱི་མགོ་ལོག་པད་མ་ས་ཁུལ་དུ་ཡོང་བ་ཞིག་རེད། ཉིན་དེར།དམར་དམག་འབུམ་དཔུང6པ་དང་།དམར་དམག་འབུམ་དཔུང32པ་རི་ཆེན་ལུང་པ་ནས་ལ་ཆུང་བརྒལ་ཏེ་མཚོ་སྔོན་པད་མ་ས་ཁུལ་གྱི་ཐང་ཡག་ལུང་པར་སླེབས། ཟླ7པའི་ཚེས22ཉིན།ཧོ་ལུང་གིས་དམར་དམག་ངོས་ཕྱོགས་དཔུང་ཚོགས་གཉིས་པའི་སྤྱི་ཁྱབ་བཀོད་འདོམས་པུའུ་དང་དམར་དམག་འབུམ་དཔུང་གཉིས་པའི་སྣེ་ཁྲིད་དེ་དམར་དམག་འབུམ་དཔུང་དྲུག་པ་དཔུང་སྐྱོད་བྱེད་པའི་ལམ་ཐིག་དེད་ནས་རོང་བཞི་རུ་འབྱོར། ཟླ7པའི་ཚེས26ཉིན་ནས་ཚེས27ཉིན་བར།དམར་དམག་ངོས་ཕྱོགས་དཔུང་ཚོགས་གཉིས་པའི་སྤྱི་ཁྱབ་པུའུ་དང་དམར་དམག་འབུམ་དཔུང་གཉིས་པ་ཚང་མ་སྔ་གཞུག་ཏུ་མཚོ་སྔོན་ཞིང་ཆེན་པད་མ་ས་ཁུལ་ནས་ཕྱིར་བུད་དེ་སི་ཁྲོན་རྔ་བ་ས་ཁུལ་དུ་སླེབས་ནས་དམར་དམག་འབུམ་དཔུང་དྲུག་པ་དང་མཉམ་དུ་འཛོམས།1936ལོའི་ཟླ7པའི་ཚེས3ཉིན།ལི་ཞན་ཉན་གྱིས་སྣེ་ཁྲིད་པའི་སྔོན་སྐྱོད་དམག་དཔུང་ཐང་ཡག་ལུང་པར་བསྐྱོད་པ་ནས། ཧོ་ལུང་གིས་སྣེ་ཁྲིད་པའི་དམར་དམག་ངོས་ཕྱོགས་དཔུང་ཚོགས་གཉིས་པའི་སྤྱི་ཁྱབ་པུའུ་དང་འབུམ་དཔུང་གཉིས་པས་ཟླ7པའི་ཚེས26ནས་ཚེས27ཉིན་བར་རྔ་བས་འབུམ་དཔུང་དྲུག་པ་དང་གཉིས་པར་དཔུང་འཛོམས་བྱུང་རག་བར་དུ།བྱང་སྐྱོད་དམར་དམག་གི་གཙོ་ཤུགས་གཞུང་སྒྲིག་རུ་ཁག་གཡོན་མའི་མི3000ལྷག་པད་མ་ས་ཁུལ་དུ་ཉིན20ལྷག་ལ་འགུལ་སྐྱོད་བྱས།

སྐབས་དེའི་མཚོ་སྔོན་གྱི་རིགས་སོ་སོའི་མང་ཚོགས་རྣམས་གོ་མིན་ཏང་ལོག་སྤྱོད་སྲིད་དབང་དང་།ལྷག་པར་དུ་མ་པུའུ་ཧྥང་ཁྱིམ་རྒྱུད་ཀྱི་ཡ་ང་བའི་དབང་སྒྱུར་འོག་ཏུ་དུས་ཡུན་རིང་པོར་དངངས་སྐྲག་གིས་འཚོ་བ་རོལ་བཞིན་ཡོད། དམར་དམག་རྒྱང་སྐྱོད་སྐབས་སུ་པད་མ་རྫོང་དུ་མ་ཡོང་གོང་།པད་མ་ས་ཁུལ་དུ་ཏང་གིས་མགོ་ཁྲིད་གནང་བའི་མི་དམངས་དམག་དཔུང་ཞིག་སླེབས་མ་མྱོང་།དམར་དམག་པད་མ་ས་ཁུལ་དུ་སླེབས་རྗེས། མ་ཚང་དམག་གི་ལོག་སྤྱོད་དྲིལ་སྒྲོག་དང་དམར་དམག་ལ་ཆ་རྒྱུས་མེད་པའི་སྟབས་ཀྱིས། ས་གནས་དེ་གའི་བོད་རིགས་མང་ཚོགས་རྣམས་གཅིག་རྗེས་གཉིས་མཐུད་ངང་ཁྱིམ་གཞིས་ནས་བྲོས་པའམ་ཡང་ན་ཡིབ་ནས་བསྡད། འོན་ཀྱང་དམར་དམག་གིས་སྔར་བཞིན“སྒྲིག་ཁྲིམས་ཆེན་པོ་གསུམ་དང་དོ་སྣང་བྱ་དགོས་པ་བརྒྱད”ལག་ལེན་ནན་ཏན་བྱས། བོད་རིགས་མང་ཚོགས་ཀྱི་ཁེ་ཕན་ལ་གནོད་འཚེ་སྤུ་ཙམ་ཡང་མི་གཏོང་བ་དང་། ཏང་གི་མི་རིགས་འདྲ་མཉམ་དང་མི་རིགས་ཆོས་ལུགས་སྲིད་ཇུས་དྲིལ་སྒྲོག་དང་ལག་ལེན་བསྟར་རྒྱུ་རྒྱུན་འཁྱོངས་བྱས། བྱེད་ཐབས་སྣ་ཚོགས་ཀྱི་ཐོག་ནས་བོད་རིགས་མང་ཚོགས་ལ་ཏང་གི་ཆབ་སྲིད་ཀྱི་འདོད་ཚུལ་དྲིལ་སྒྲོག་བྱ་རྒྱུ་རྒྱུན་འཁྱོངས་བྱས། བྱང་སྐྱོད་རི་འགོག་གི་འཐབ་ཇུས་བྱེད་ཕྱོགས་དང་གསར་བརྗེའི་གནས་ལུགས་དྲིལ་སྒྲོག་བྱས། ས་གནས་དེ་གའི་མང་ཚོགས་ཀྱི་རྒྱུ་ནོར་དང་ཁྱིམ་གཞིས་ལ་གནོད་འཚེ་སྤུ་ཙམ་ཡང་མི་གཏོང་བ། ས་གནས་དེ་གའི་མི་རིགས་ཆོས་དད་རང་མོས་དང་ཡུལ་སྲོལ་གོམས་གཤིས་ལ་བརྩི་འཇོག་བྱས་ནས།བོད་རིགས་མང་ཚོགས་ཀྱི་ཡིད་ཆེས་དང་གོང་བཀུར་གྱི་རྒྱབ་སྐྱོར་ཐོབ་མགོ་ཚུགས་ཏེ།དམར་དམག་ལ་འབྲུ་རིགས་དང་འབུད་ཤིང་གྲབས་གསོག་ཧུར་ཐག་བྱས་ནས་དམར་དམག་ལ་སྡོད་གནས་མཁོ་འདོན་དང་།དམར་དམག་གི་རྨས་མར་རོགས་སྐྱོབ།དམར་དམག་གི་སྔོན་གཤེགས་དཔའ་བོ་དུར་འཇུག་བཅས་བྱས་ནས་དམར་དམག་གི་ལམ་སྣེ་ཁྲིད་མཁན་བྱས་ཏེ་དམར་དམག་པད་མ་ནས་ཐོན་ཏེ་རྔ་བར་བདེ་བླག་ངང་བསླེབ་པར་རོགས་རམ་བྱས་པ་རེད།

དམར་དམག་པད་མ་ནས་ཁ་བྲལ་རྗེས།ས་གནས་དེ་གའི་བོད་རིགས་མང་ཚོགས་ཀྱིས་དམར་དམག་ནམ་ཡང་བརྗེད་མི་ཐུབ་པར།དམར་དམག་བསྐྱོད་མྱོང་བའི་འཛི་མདའ་ལུང་པ་དེ“དམར་དམག་གི་ལུང་པར”བསྒྱུར་ཡོད། “དམར་དམག་ལུང་པ”ཡི་ནང་དུ་དམར་དམག་གི་ལྡིང་ཁང་དང་།དམར་དམག་གི་ཟམ་པ།དམར་དམག་གི་ཆུ་མིག དམར་དམག་གི་སོ་ལྟ་ཁང་།དམར་དམག་གིས་བྲིས་པའི་སྦྱར་ཡིག དམར་དམག་གི་བང་སོ་སོགས་གསར་བརྗེའི་རྗེས་ཤུལ་ཡོད། དམར་དམག་རྒྱང་སྐྱོད་དེ་མཚོ་སྔོན་བརྒྱུད་སྐབས་ཉིན་ཉི་ཤུ་ལྷག་ཙམ་ལས་འགོར་མེད་ཀྱང་།དམར་དམག་རྒྱང་སྐྱོད་ཀྱི་སྙིང་སྟོབས་དེ་པད་མའི་བོད་རིགས་མང་ཚོགས་ཀྱི་སེམས་ནང་གཏན་དུ་གནས། 2012ལོར“དམར་དམག་ལུང་པར”མཚོ་སྔོན་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡིས་མཚོ་སྔོན་ཞིང་ཆེན་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་ཞེས་མིང་བཏགས་པ་དང་། 2016ལོའི་ཟླ4པར“དམར་དམག་ལུང་པར”མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཏང་གི་ལོ་རྒྱུས་ཞིབ་འཇུག་ཁང་གིས་མཚོ་སྔོན་ཞིང་ཆེན་ཀྲུང་གུང་ཏང་གི་ལོ་རྒྱུས་སློབ་གསོའི་རྟེན་གཞི་ཞེས་མིང་བཏགས་པ་ནས། གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་བྱས་པ་དང་གུང་ཁྲན་ཏང་མིའི་སྙིང་སྟོབས་ཀྱི་རྒྱུན་བསྐྱངས། དམར་དམག་རྒྱང་སྐྱོད་ཀྱི་སྙིང་སྟོབས་ཀྱང་བོད་ཡུལ་པད་མ་ནས་ཡངས་ཤིང་རྒྱ་ཆེ་བའི་མཚོ་སྔོན་གྱི་ས་གཞི་ཆེན་མོར་ཁྱབ་པ་དང་།མཚོ་སྔོན་གྱི་རིགས་སོ་སོའི་མི་དམངས་ཀྱི་ཁྲག་རྒྱུན་དང་བླ་སྲོག་ནང་མཉམ་འདྲེས་ཟབ་མོ་བྱུང་ནས། མཚོ་སྔོན་རྒྱང་སྐྱོད་བགྲོད་ལམ་གསར་པར་བསྐྱོད་པ་དང་དུས་རབས་གསར་པར་བསྐྱོད་པར་ཟུངས་ཤུགས་བསྩལ་ཡོད། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།