སྐྱེ་ཁམས་ཁོར་ཡུག་བཟང་པོ་དེ་ཆེས་ཡོངས་ཁྱབ་ལ་ཕན་པའི་དམངས་འཚོའི་བདེ་སྐྱིད་དུ་འགྱུར་བར་བྱེད་དགོས།

“རི་མྱུལ”ནི་མཚོ་སྔོན་པ་རྣམས་ཆེས་དགའ་བའི་དཔྱིད་དུས་དང་དབྱར་ཁའི་འགུལ་སྐྱོད་ཅིག་ཡིན། མི་རྣམས་རང་བྱུང་ཁམས་ཆེན་མོའི་པང་དུ་ལོག་ནས་གནམ་སྔོན་པོ་དང་ས་ལྗང་ཁུ། ཆུ་དྭངས་མོའི་སྐྱེ་ཁམས་ཁོར་ཡུག་གིས་མིར་སྦྱིན་པའི་དགའ་སྤྲོ་དང་བག་ཕེབས་ལོངས་སུ་སྤྱོད་པ་ཞིག་ཡིན། འདི་ནི་མཚོ་སྔོན་པ་ཡི་བདེ་སྐྱིད་ཀྱི་འཚོ་བ་ཡིན་ལ། འདི་ནི་མཚོ་སྔོན་པར་ཡོད་ཆོག་པའི་གཟི་བརྗིད་ཀྱང་ཡིན།

སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་བརྒྱབ་པའི་དུས་དེ་ནས་བཟུང་། མཚོ་སྔོན་གྱིས་གནམ་སྔོན་པོ་དང་ཆུ་དྭངས་མོ། ས་གཙང་མ་གསུམ་དང་དམ་པོར་སྦྲེལ་ནས། ཕན་ལྡན་གྱི་བྱེད་ཐབས་རབ་དང་རིམ་པ་སྤེལ་ཏེ། ཏན་ཏན་ཏིག་ཏིག་གིས་སྐྱེ་ཁམས་ཁོར་ཡུག་གི་སྲུང་སྐྱོབ་ལ་སྐུལ་འདེད་བྱས་པས། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཁྱོན་ཡོངས་ནས་ལེགས་པོར་རྒྱག་པ་དང་རྒྱལ་ཁ་ལེན་པར་དུས་རིམ་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་། སྐྱེ་ཁམས་ཁོར་ཡུག་ངོ་བོ་རང་བཞིན་གྱི་ཇེ་ལེགས་སུ་སོང་བ། ཆུ་དྭངས་རི་སྔོ་ཡིས་ཕན་ཚུན་བརྒྱན་པ། མི་དང་རང་བྱུང་འཆམ་མཐུན་མཉམ་གནས་བྱུང་བས། མཚོ་སྔོན་ས་གཞི་ཆེན་མོའི་སྟེང་གི་གསོན་ཉམས་ལྡན་པའི་མཛེས་ལྗོངས་སུ་གྱུར་པར་མ་ཟད། རྒྱ་ཆེའི་མང་ཚོགས་ཀྱི་མིག་མཐོང་ལག་ཟིན་གྱི་སྐྱེ་ཁམས་བདེ་སྐྱིད་དང་ཆེས་ཡོངས་ཁྱབ་ལ་ཕན་པའི་དམངས་འཚོའི་བདེ་སྐྱིད་ཅིག་ཏུའང་གྱུར་ཡོད།

“ལྔ་བཅུ་བཞི”མགོ་བརྩམས་པ་དང་བསྟུན་ནས། སྐྱེ་ཁམས་བདེ་འཇགས་ལ་སྲུང་སྐྱོང་བྱེད་པ་དང་གཙང་གསུམ་འབྱུང་ཡུལ་ལ་སྲུང་སྐྱོབ་བྱེད་པ། “ཀྲུང་ཧྭའི་ཆུ་ལྕོག”ལ་སྲུང་སྐྱོབ་བྱེད་པའི་འགན་འཁྲི་ཆེན་མོ་ཕྲག་ཏུ་ཁུར་པའི་མཚོ་སྔོན་གྱིས་སྔར་བཞིན་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་གཏིང་ཟབ་ཏུ་ལག་བསྟར་བྱས་པ་དང་། “ཏན་ཏན་ཏིག་ཏིག་བཞི”ཡི་བླང་བྱ་གལ་ཆེན་གཏིང་ཟབ་ཏུ་ལག་ལེན་མཐར་ཕྱིན་བྱས། དུས་མཉམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པའི་མཚོ་སྔོན་འཐུས་མི་ཚོགས་པའི་གྲོས་ཞིབ་ཏུ་ཞུགས་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གཏིང་ཟབ་ཏུ་སློབ་སྦྱོང་དང་མཐའ་འཁྱོལ་བྱས་ཏེ། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་གཏིང་ཟབ་ཏུ་ལེགས་པོར་རྒྱག་པ་དང་། བརྩོན་པ་ཆེན་པོས“དམིགས་བསལ་གཅིག་དང་མཐོ་བ་གཉིས”ཀྱི་འཐབ་ཇུས་བཀོད་སྒྲིག་ལ་སྐུལ་འདེད་བྱས་པ། ཁ་ཕྱོགས་མི་འགྱུར་བ་དང་ཤུགས་ཚད་མི་འཕྲི་བ་རྒྱུན་འཁྱོངས་བྱེད་པ། གནད་ཁེལ་སྦགས་བཙོག་བཅོས་སྐྱོང་བྱེད་པ་དང་ཚན་རིག་ལྟར་སྦགས་བཙོག་བཅོས་སྐྱོང་བྱེད་པ། ཁྲིམས་ལྟར་སྦགས་བཙོག་བཅོས་སྐྱོང་བྱེད་པ་བཅས་འབུར་དུ་དོད་པ། རྒྱ་བསྐྱེད་ཅིང་གཏིང་ཟབ་ཏུ་བསྲིངས་པ། རླུང་ཁམས་ཆེན་མོ་དང་ཆུ། ཞིང་ས་བཅས་ཀྱི་སྦགས་བཙོག་འགོག་བཅོས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་བཏང་སྟེ། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་བསྟུད་མར་ཇེ་ལེགས་སུ་བཏང་། འགག་རྩར་ཐུག་དུས་འཕྲལ་ཐག་གཅོད་པའི་ཆོད་སེམས་དང་ཏན་ཏན་ཏིག་ཏིག་གི་བྱེད་ཐབས་ཀྱིས་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་བསྟུད་མར་ཇེ་ལེགས་དང་། གནམ་སྔོན་པོ་དང་ཆུ་དྭངས་མོ། ས་གཙང་མའི་གྲུབ་ཆ་ཇེ་མཐོ། སྐྱེ་ཁམས་ཁོར་ཡུག་བཟང་པོ་ལས་ཐོབ་པའི་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་སྔར་བས་ཇེ་མཐོར་བཏང་སྟེ། སྐྱེ་ཁམས་ཁོར་ཡུག་བཟང་པོ་དེ་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ཀྱི་སྲ་བརྟན་གྱི་རྨང་གཞིར་འགྱུར་དུ་འཇུག་པ་དང་། ཆུ་དྭངས་རི་སྔོ་ནམ་ཡང་མཚོ་སྔོན་གྱི་ལེགས་ཆ་དང་གཟི་བརྗིད་དུ་འགྱུར་བར་བྱེད་དགོས། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།