མཚོ་སྔོན་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་བཙུགས་ནས་ལོ་འཁོར70ལོན་པའི་ཤིས་འཕྲིན།

ཞིང་ཆེན་ཡོངས་ཀྱིས་ཏང་གི་ལོ་བརྒྱའི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུ་བའི་སྐབས་འདིར། ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ལོ་འཁོར70ལོན་པའི་འཁྲུངས་སྐར་བསུས། ང་ཚོས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ལ་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུ། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེ་བའི་བུད་མེད་དང་རིམ་པ་སོ་སོའི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་བྱེད་པར་དུས་ཆེན་གྱི་འཚམས་འདྲི་ཞུ། དུས་ཡུན་རིང་པོར་བུད་མེད་ཀྱི་བྱ་གཞག་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་མཁན་གྱི་སྤྱི་ཚོགས་ལས་རིགས་སོ་སོའི་མི་སྣར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ། 

བུད་མེད་མཉམ་འབྲེལ་ལྷན་ཚོགས་ནི་ཏང་གི་མགོ་ཁྲིད་འོག་གི་ཆབ་སྲིད་རྩ་འཛུགས་ཤིག་ཡིན། ལོ70ཡི་རིང་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་བུད་མེད་འཕེལ་རྒྱས་གཏོང་བ་དེ་རང་ཉིད་ཀྱི་འགན་འཁྲིར་བརྩིས་ནས། ཏང་སྲིད་ཀྱི་སྤྱི་ཡོངས་ལ་དམིགས་པ་དང་འགན་ནུས་ལ་གཞི་ཚུགས་ཤིང་། རང་ནུས་འདོན་སྤེལ་བྱས་ནས་ཞིང་ཆེན་ཡོངས་ཀྱི་མི་རིགས་སོ་སོའི་བུད་མེད་ཀྱི་སྣེ་ཁྲིད་དེ་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་དང་སྒྱུར་བཅོས་བྱ་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་ལ། ཏང་དང་སྲིད་གཞུང་གི་བུད་མེད་ལས་དོན་སྤེལ་བའི་བློས་འགེལ་ཆོག་ཅིང་ནུས་པ་ཆེ་བའི་ལས་རོགས་སུ་གྱུར་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན། ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོ་དང་འགན་ནུས་ངེས་གནས་བརྟན་འཛིན། སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ། དཔེ་བཟང་ལས་ཁུངས་འཛུགས་པ་བཅས་བྱས་ནས། འབྱོར་ཕྱུག་དང་དཔལ་ཡོན། འཆམ་མཐུན། མཛེས་སྡུག་བཅས་ཀྱི་མཚོ་སྔོན་གསར་བ་སྐྲུན་པའི་འཕེལ་རིམ་ཁྲོད་བུད་མེད་ཀྱི་བློ་གྲོས་དང་སྟོབས་ཤུགས་གཅིག་ཏུ་སྒྲིལ་ཏེ། དུས་རབས་གསར་བའི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་དོན་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་དང་། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་བུད་མེད་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ། དུས་རབས་ཀྱི་མདུན་གྲལ་དུ་བསྐྱོད་ནས་རྒྱ་ཆེ་བའི་བུད་མེད་རྣམས་ཀྱི་ཡིད་ཆེས་ཆོག་པ་དང་བློས་འགེལ་ཆོག་པ། ཁ་བྲལ་མེད་པའི་ཁྱིམ་མིར་འགྱུར་བར་བྱེད་དགོས། 

ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པ་དང་ལྷན་ཚོགས་བཙུགས་ནས་ལོ་འཁོར70ལོན་པའི་གོ་སྐབས་དང་བསྟུན་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལག་བསྟར་གཏིང་ཟབ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བུད་མེད་དང་བུད་མེད་ཀྱི་ལས་དོན། བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་སྒྱུར་བཅོས། ཁྱིམ་ཚང་སློབ་གསོ་དང་ཁྱིམ་སྲོལ་འཛུགས་སྐྱོང་བཅས་སྐོར་གྱི་རྣམ་བཤད་གལ་ཆེན་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་དགོས། ཐོག་མའི་བསམ་འདུན་དང་འགན་འཁྲི་འཁུར་སེམས་ཀྱིས། ཆབ་སྲིད་ཀྱི་རང་བཞིན་དང་སྔོན་ཐོན་གྱི་རང་བཞིན། མང་ཚོགས་ཀྱི་རང་བཞིན་བཅས་སྔར་ལས་ཆེ་རུ་བཏང་ནས། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་བུད་མེད་ཀྱིས་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་བར་སྣེ་ཁྲིད་བྱེད་དགོས། མེས་རྒྱལ་དང་མཉམ་དུ་བདེ་སྡུག་མཉམ་མྱོང་དང་། དུས་རབས་དང་མཉམ་དུ་དཔའ་མཛངས་མདུན་བསྐྱོད་བྱས་ནས། རང་བཀུར་དང་རང་ཚུགས། རང་སྟོབས་བཅས་ཀྱི་བསམ་པའི་ཉམས་འགྱུར་གྱིས་རླབས་ཆེན་བྱ་གཞག་གི་འཛུགས་སྐྲུན་པ་དང་། དཔལ་ཡོན་དར་སྲོལ་གྱི་དར་སྤེལ་མཁན། ཕུགས་བསམ་དོན་གཉེར་གྱི་འབད་འཐབ་པ་བཅས་བྱས་ཏེ། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་བྱས་རྗེས་གསར་པ་འཇོག་དགོས་ལ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་བསྐྱར་དར་མངོན་འགྱུར་ཡོང་ཆེད་གཟི་བརྗིད་སྔར་བས་ཆེ་བ་བརྩོན་ལེན་བྱེད་དགོས། 

ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན།

མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲིན་ཀྲང་ཞིན་ཁྲང་ཞིང་།

2021ལོའི་ཟླ7པའི་ཚེས23ཉིན།

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།