​མཚོ་སྔོན་དགེ་ཐོན་སློབ་ཆེན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་མཐོ་རིམ་སློབ་ཆེན་མཉམ་འབྲེལ་གྲོས་ཚོགས་སྐབས་བཞི་པ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས18ཉིན།  མཚོ་སྔོན་དགེ་ཐོན་སློབ་ཆེན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་མཐོ་རིམ་སློབ་ཆེན་མཉམ་འབྲེལ་གྲོས་ཚོགས་སྐབས་བཞི་པ་བསྡུས། ཧྲིན་ཀྲང་གཞོན་པ་དབྱང་ཀྲི་ཝུན་ཚོགས་འདུར་ཞུགས་ཤིང་གསུང་བཤད་གནང་། 

དབྱང་ཀྲི་ཝུན་གྱིས་བསྟན་དོན། སློབ་གསོ་པུའུ་ཡི་སྤྱི་འདོམས་མཛུབ་ཁྲིད་འོག ཁ་གཏད་རོགས་སྐྱོར་གྱི་མཐོ་སློབ་དང་མཉམ་ལས་མཐོ་སློབ་སོ་སོས་ཚད་མཐོ་བའི་ཆབ་སྲིད་ཀྱི་རང་རྟོགས་དང་འགན་འཁྲི་འཁུར་སེམས་དང་། ཕན་ཚུན་རོགས་སྐྱོར་དང་སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བའི་བསམ་པའི་དད་སེམས་ཀྱིས་མཚོ་སྔོན་དགེ་འོས་སློབ་ཆེན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི“4+10”ཡི་ལས་ཀའི་རྣམ་པ་གསར་བ་ཆགས་ཏེ་མཚོ་སྔོན་དགེ་འོས་སློབ་ཆེན་གྱི་སློབ་གསོ་སྒྱུར་བཅོས་འཕེལ་རྒྱས་དེ་སྐས་རིམ་གསར་བ་ཞིག་ཏུ་སླེབས་པར་སྐུལ་འདེད་བཏང་ཡོད། 

དབྱང་ཀྲི་ཝུན་གྱིས་ནན་གྱིས་བསྟན་དོན། དུས་བབ་གསར་བའི་འོག་གི་རོགས་སྐྱོར་ལས་དོན་ཐད་མཚོ་སྔོན་དགེ་འོས་སློབ་ཆེན་གྱིས་གཙོ་གཞིའི་འགན་འཁྲི་མཐའ་གཅིག་ཏུ་འཁུར་ནས། ཚད་གཞི་མཐོ་བའི་དགེ་འོས་འཛུགས་སྐྱོང་གི་ཚད་གཞི་མུ་མཐུད་དུ་མཐོ་རུ་གཏོང་བ་དང་། གསར་གཏོད་གཏིང་ཟབ་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཁྱོན་ཡོངས་ནས་རོགས་སྐྱོར་སྲིད་ཇུས་གང་ལེགས་ཀྱིས་སྤྱད་དེ་རང་འགུལ་ངང་མཐོ་སློབ་ཁག་དང་འབྲེལ་གཏུག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རང་ངོས་ཀྱི་ནང་གནས་སྒུལ་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་བཅས་བྱས་ནས་མཚོ་སྔོན་དགེ་འོས་སློབ་ཆེན“གཞན་བརྟེན”ནས“རང་བརྟེན”དུ་བསྒྱུར་དགོས་ལ། སྤུས་ཚད་མཐོ་བའི་ཤེས་ལྡན་པ་སྔར་ལས་མང་པོ་གསོ་སྐྱོང་བྱས་ཏེ་རིགས་སོ་སོའི་མི་དམངས་ལ་ལེགས་སྐྱེས་གསར་བ་འབུལ་དགོས། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།