སྐབས22པའི་མཚོ་སྔོན་ཉོ་ཚོང་ངོ་འཕྲད་གྲོས་ཚོགས་ཀྱི་བརྗོད་དོན་གླེང་སྟེགས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས22ཉིན། སྐབས22པའི་ཀྲུང་གོ་མཚོ་སྔོན་ལྗང་མདོག་འཕེལ་རྒྱས་དངུལ་གཏོང་ཉོ་ཚོང་ངོ་འཕྲད་གྲོས་ཚོགས་ཀྱི་བརྗོད་དོན་གླེང་སྟེགས་བསྡུས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝང་ཅན་ཅུན་དང་། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གཞོན་པ། ཀྲུང་ཧྭ་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཏང་ཙུའུ་ཧྲུའུ་ཅི་ཞུའུ་ལི་ཅང་། བཟོ་ལས་དང་ཆ་འཕྲིན་ཅན་པུའུ་སྤྱིའི་དཔལ་འབྱོར་མཁས་པ་ཞུའུ་ཁུ་མིན། ཀྲུང་གོའི་ས་འགུལ་ཅུའུ་ཡི་ཅུའུ་ཀྲང་ཟུར་པ། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་ཟུར་པ་སུང་རེའུ་ཞང་ཚོགས་འདུར་ཞུགས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཞིན་ཁྲང་ཞིང་གིས་མཚོ་སྔོན་གྱིས་ཇི་ལྟར་སྐྱེ་ཁམས་མཛའ་བརྩེ་ལྡན་པ་དང་། ལྗང་མདོག་ཐན་ཉུང་། མཐོ་སྒང་གི་ཁྱད་ལྡན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུའི་སྟེང་བསྐྱོད་པའི་ཐད་ནས།《ལྗང་མདོག་ཐན་ཉུང་འཕེལ་རྒྱས་ལ་སྐུལ་འདེད་དང་། མི་དང་རང་བྱུང་འཆམ་མཐུན་མཉམ་གནས་ལ་སྐུལ་འདེད་གཏོང་བ》བརྗོད་དོན་ཡིན་པའི་འཁྲབ་བཤད་བྱས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རྡོ་རྗེ་རབ་བརྟན་ཚོགས་འདུར་ཞུགས། 

ཞིན་ཁྲང་ཞིང་གིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཐད་མཐོང་ཆེན་བྱེད་བཞིན་ཡོད་ཅིང་། ཐེངས་མང་པོར་མཛུབ་སྟོན་གལ་ཆེན་གནང་བ་དང་། མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ཁ་ཕྱོགས་མཛུབ་སྟོན་དང་རྩ་བའི་བརྩི་སྲུང་ལ་སྐུལ་འདེད་བྱས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། མཚོ་སྔོན་གྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་བསམ་བློར་སློབ་སྦྱོང་དང་། “ཆེས་ཆེ་བ་གསུམ”གྱི་ཞིང་ཆེན་གནས་ཚད་གཏན་འཁེལ། “དམིགས་བསལ་གཅིག་དང་མཐོ་བ་གཉིས”ལ་སྐུལ་འདེད། ལྗང་མདོག་འཕེལ་རྒྱས་ཀྱིས་སྐྱེ་ཁམས་ཕན་འབྲས་དང་དཔལ་འབྱོར་ཕན་འབྲས། སྤྱི་ཚོགས་ཕན་འབྲས་བཅས་གཅིག་གྱུར་ལ་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས་བྱས་ནས། ལྗང་མདོག་འཕེལ་རྒྱས་ཀྱི་མ་གཞི་ལ་ཤུགས་བསྣན་ནས། སྐྱེ་ཁམས་འཛུགས་སྐྲུན་གྱི་ཕན་འབྲས་མངོན་གསལ་ཡིན་ཞིང་། ལྗང་མདོག་འཕེལ་རྒྱས་ཀྱི་གཞོགས་འདེགས་ཤུགས་དྲག་ཏུ་བཏང་སྟེ། ཐོན་ལས་སྤོ་བསྒྱུར་གྱི་གོམ་སྟབས་བརྟན་བརླིང་དུ་བཏང་ཡོད། ལྗང་མདོག་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་ལ་ཤུགས་བཏོན་ནས། མི་དམངས་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་མུ་མཐུད་དུ་མཐོར་འདེགས་སུ་གཏོང་བར་འབད་བརྩོན་བྱེད་བཞིན་ཡོད། འཕེལ་རྒྱས་ཀྱི་དུས་སྐབས་གསར་བར་བསྐྱོད་པ་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་ལེན་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་བ་འཛུགས་སྐྲུན་བྱས་ཏེ། མཚོ་སྔོན་གྱིས་མི་དང་རང་བྱུང་འཆམ་མཐུན་མཉམ་གནས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་འཆར་འགོད་བྱེད་པ་དང་། དམིགས་བསལ་གྱི་ཞིང་ཆེན་གནས་ཚུལ་དང་། དམིགས་བསལ་གྱི་ཐོན་ཁུངས་ནས་མགོ་བརྩམས་ཏེ། ཧུར་ཐག་གིས་སྐྱེ་ཁམས་དཔལ་ཡོན་གྱི་གཤིན་ས་གསར་སྐྲུན་བྱེད་པར་འབད་བརྩོན་བྱེད་པ་དང་། སྐྱེ་ཁམས་བདེ་འཇགས་ལ་སྲུང་སྐྱོབ་དང་།གཙང་གསུམ་འབྱུང་ཡུལ་ལ་སྲུང་སྐྱོབ་བྱེད་པ། “ཀྲུང་ཧྭའི་ཆུ་མཛོད”ལ་སྲུང་སྐྱོབ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག “རི་སྔོ་ཆུ་དྭངས་ནི་གསེར་རི་དང་དངུལ་རི་ཡིན་པའི”ལམ་བུ་དང་རྣམ་པ་འཚོལ་ཞིབ་བྱས་ཏེ། ལྗང་མདོག་ཐན་ཉུང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་འཛུགས་སྐྲུན་བྱེད་པ་དང་། ཐོན་ཁུངས་ཕན་ཚུན་ཁ་གསབ་དང་ཐོན་ལས་མཉམ་འདྲེས། ཚན་རྩལ་མཉམ་འདྲེས། འཇོན་མི་ཟུང་འབྲེལ། ལག་རྩལ་སྣེ་ཁྲིད་ཐོན་ལས་གཅིག་འདུས་སོགས་ཀྱི་ལས་གཞི་སྐོར་ཞིག་འཛུགས་སྐྲུན་ལེགས་འགྲུབ་བྱེད་དགོས། རྒྱལ་ཁབ་དག་གཙང་ནུས་ཁུངས་ཐོན་ལས་གསར་སྐྲུན་བྱས་ཏེ། མགྱོགས་མྱུར་སྒོས་དག་གཙང་ནུས་ཁུངས་གྱི་བསྡུར་ཚད་མཐོ་བ་དང་། སྤུས་ཚད་མཐོ་བ། ཚོང་ར་ཅན། རྟེན་གཞི་ཅན། གཅིག་བསྡུས་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། དག་གཙང་ཐན་ཉུང་བདེ་འཇགས་ནུས་མཐོའི་ནུས་ཁུངས་མ་ལག་འཛུགས་སྐྲུན་བྱེད་དགོས། 

རྒྱལ་ཡོངས་སྲིད་གྲོས་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ནམ། ཧྲིན་ཀྲིན་ཡན་ཞང་ཚན་རྩལ་མ་རྐང་ཚོད་འཛིན་སྡེ་ཚོགས་ཚད་ཡོད་ཀུང་སིའི་ལས་འཛིན་ཅུའུ་ཡི་ཀྲུའུ་ཞི་ཁྲིན་ཀྲི་ལའེ་དང་། ཀྲུང་གོ་ཚན་རིག་གླིང་གི་ཡོན་ཧྲི། ཀྲུང་གོའི་ས་གཤིས་སློབ་ཆེན(ཝུའུ་ཧན)གྱི་སློབ་གཙོ་ཝང་ཡན་ཞིན་གཉིས་ཀྱིས་སོ་སོར《གསར་གཏོད་ནི་མཚོ་སྔོན་གྱི་དམངས་གཉེར་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ཤུགས་དང་པོ་ཡིན》དང《སྐྱེ་ཁམས་བྱ་བར་ཤུགས་བསྣན་ནས་མཚོ་སྔོན་གྱིས་སྔོན་ལ“ཐན་སྙོམ་སྦྱོར”གྱི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པ》ཅེས་པའི་བརྗོད་དོན་འཁྲབ་བཤད་བྱས།

ཞིང་ཆེན་གྱི་མགོ་ཁྲིད་ཡུས་ཚུང་ལི་དང་ཀྲའོ་ཡེའུ་ཞྭ། ཀྲང་ཀོང་རོང་། དབྱང་ཧྥིན་ཁྲུན། ཀྲང་ལི། དབྱང་ཀྲི་ཝུན། ཀྲུང་གོར་སྡོད་པའི་བལ་བོའི་དཔལ་འབྱོར་གཞུང་ཚབ་པ་དང་ལྕམ་མོ། རྒྱལ་ཁབ་འབྲེལ་ཡོད་པུའུ་ཨུ། བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། སྤུན་ཟླའི་ཞིང་ཆེན་དང་ཆུས། གྲོང་ཁྱེར་བཅས་ཀྱི་འབྲེལ་ཡོད་མགོ་ཁྲིད། གྲགས་ཆེ་བའི་ཡོན་ཧྲི། ལས་རིགས་ཆེད་མཁས་པ། ཁེ་ལས་ཀྱི་མཐོ་རིམ་དོ་དམ་པ་སོགས་ཀྱི་སྐུ་མགྲོན་གླེང་སྟེགས་སུ་ཞུགས། ཝང་ལི་མིན་གྱིས་མགོ་འཛིན་བྱས།  །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།