མཚོ་སྔོན་ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པས་ཧི་ནན་ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པར་མ་དངུལ་སྒོར་ཁྲི20ཡི་ཞོད་འགོག་གནོད་སེལ་གྱི་ཞལ་འདེབས་ཕུལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཧི་ནན་ཞིང་ཆེན་དུ་དྲག་ཆར་བབས་ནས། མི་སྣ་ཤི་རྨས་དང་རྒྱུ་ནོར་གྱོང་གུད་ཚབས་ཆེན་ཐེབས། གནོད་འཚེ་བྱུང་རྗེས། མཚོ་སྔོན་ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པས་གནོད་འཚེའི་གནས་ཚུལ་ལ་དོ་སྣང་ཆེན་པོ་བྱས་ཤིང་། ཟླ7པའི་ཚེས21ཉིན་གྱི་ཕྱི་དྲོར། ཏང་ཙུའུ་ཆེད་དོན་གྲོས་ཚོགས་བསྡུས་ཏེ། མྱུར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞོད་འགོག་གནོད་སེལ་བྱ་བའི་ཐད་ཀྱི་མཛུབ་སྟོན་གྱི་དགོངས་དོན་ལ་སློབ་སྦྱོང་བྱས་པ་དང་། ཧི་ནན་གྱི་ཞོད་འགོག་གནོད་སེལ་བྱ་བར་ཆེད་དོན་ཞིབ་འཇུག་བྱས། རེ་བར་བསམ་བློ་དང་བྱེད་སྟངས་གཉིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སྟེང་གཅིག་གྱུར་ཡོང་བར་བྱས་ནས། དུས་ནམ་ཡང་ཞོད་འགོག་གི་བདེ་འཇགས་བྱ་བ་དང་དམ་དུ་འབྲེལ་ཏེ། འགན་འཁྲི་དོན་འཁྱོལ་ཤུགས་དྲག་ཏུ་བཏང་ནས། སྔོན་འགོག་གྲ་སྒྲིག་བྱ་བ་དམ་འཛིན་དང་།འཕྲལ་བསྟུན་དང་མྱུར་སྐྱོབ་གནོད་སེལ་སོགས་ཀྱི་གྲ་སྒྲིག་བྱ་བ་ལེགས་པོར་སྒྲུབ་ནས། མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་བདེ་འཇགས་ལ་ཁག་ཐེག་བྱེད་དགོས་པའི་བླང་བྱ་བཏོན།

ཧི་ནན་ཞིང་ཆེན་གྱི་གནོད་ཐེབས་གནས་ཚུལ་ལ་གཞིགས་ཏེ། མཚོ་སྔོན་ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པས་ཧི་ནན་ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པར་མ་དངུལ་སྒོར་ཁྲི20ཡི་ཞོད་འགོག་གནོད་སེལ་གྱི་ཞལ་འདེབས་ཕུལ། །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།