ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས22ཉིན། སྐབས22པའི་ཀྲུང་གོ་མཚོ་སྔོན་ལྗང་མདོག་འཕེལ་རྒྱས་དངུལ་གཏོང་ཉོ་ཚོང་ངོ་འཕྲད་གྲོས་མོལ་གྲོས་ཚོགས་སྟེང་། མཚོ་སྔོན་ཞུའེ་ཧྥིན་ནོར་ནག་འོ་ལས་ཚད་ཡོད་ཀུང་སིས་གཙོ་སྒྲུབ་བྱས་པའི་སྐབས6པའི་མཚོ་སྔོན་པོའི་ཞོའི་རིག་གནས་སྒྱུ་རྩལ་དུས་ཆེན་དེ་མཚོ་སྔོན་རྒྱལ་སྤྱིའི་འགྲེམ་སྟོན་ལྟེ་གནས་ཐང་ཆེན་དུ་སྤེལ། མགོ་རྩོམ་མཛད་སྒོའི་སྟེང་ལྗོངས་རྣམ་གར་སྟེགས་ཀྱི་རྣམ་པས་འབྲོག་པས་ཞོ་བཟོ་བའི་ངལ་རྩོལ་གྱི་གོ་རིམ་བསྐྱར་དུ་མངོན་པ་དང་། མཚོ་སྔོན་གྱི་ནོར་ནག་ཞོ་ཡི་ལོ་རྒྱུས་རིག་གནས་རྒྱུན་འཛིན་ལ་ཕྱིར་དྲན་བྱས་ཤིང་། ཚོགས་ར་ཡོངས་ཀྱི་ལྟད་མོ་བར་རང་ཉིད་མཚོ་སྔོན་པོའི་ཉེ་འགྲམ་གྱི་ཡངས་པའི་རྩྭ་ཐང་དུ་རྟ་མཆོག་བང་གིས་རྒྱུག་བཞིན་པའི་ཚོར་སྣང་བསྩལ།
སྐབས་འདིའི་སྒྱུ་རྩལ་དུས་ཆེན་དུ་དྲ་ཐོག་གི“ཞོའི་ཁྲོམ་ར”དང་ཡུལ་དངོས་ཀྱི་བརྗོད་དོན་གཙོ་བོའི་ཚོགས་ར་བཀོད་སྒྲིག་བྱས་ཡོད། དྲ་ཐོག་ཏུ་དྲ་རྒྱའི་ཐད་གཏོང་གི་རྣམ་པས་རིགས་སྣ་ཚོགས་ཀྱི་ཞོ་འོས་སྦྱོར་བྱས་པ་དང་། དྲ་ཐོག་ཚོང་གཉེར་གྱིས་ཚོང་ལམ་རྒྱ་བསྐྱེད་ཀྱི་རྣམ་པ་བསྐྲུན་ཡོད། ཡུལ་དངོས་སུ་བརྗོད་དོན་ཚོགས་རའི་འགྲེམ་སྟོན་གྱི་རྣམ་པས། འཛད་སྤྱོད་མཁན་དང་མྱོང་བ་བརྗེ་རེས་དང་མྱོང་རོལ་མཐོར་འདེགས་སུ་བཏང་ནས། མི་མང་པོར་མཚོ་བོད་མཐོ་སྒང་གི་ནོར་ནག་ཞོ་མྱོང་རོལ་དང་ཤེས་རྟོགས། རྒྱུས་ལོན་བཅས་བྱེད་དུ་བཅུག །
མཚོ་སྔོན་པོའི་ཞོའི་རིག་གནས་སྒྱུ་རྩལ་དུས་ཆེན་བསྟུད་མར་ལོ6ལ་སྒྲུབ་ཟིན་པ་དང་། མཚོ་སྔོན་གྱི་ཁྱད་ལྡན་ནོར་ནག་འོ་མའི་ཐོན་ལས་འཕེལ་རྒྱས་ཐད་མཉམ་ལས་བརྗེ་རེས་ཀྱི་སྟེགས་བུ་ཞིག་འཛུགས་སྐྲུན་བྱས་ཏེ། མཚོ་བོད་མཐོ་སྒང་གི་དག་གཙང་བྲོ་བའི་མཚན་སྙན་འཛམ་གླིང་དུ་ཁྱབ་པར་བྱས་ཡོད། །
རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།
མཚོ་སྔོན་ཉོ་ཚོང་ངོ་འཕྲད་ཚོགས་འདུས་སྐབས་དྲུག་པའི་མཚོ་སྔོན་པོའི་ཞོའི་རིག་གནས་སྒྱུ་རྩལ་དུས་ཆེན་སྒྲུབ་པ།