2021ལོའི་དམངས་གཉེར་ཁེ་ལས་པའི་འཆད་ཁྲིད་ཆེན་མོའི་མགོ་ཚུགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་གྱི་དམངས་གཉེར་ཁེ་ལས་པས་འཕེལ་རྒྱས་ཀྱི་ཡིད་ཆེས་སྲ་བརྟན་དུ་གཏོང་བ་དང་གསར་གཏོད་ཀྱི་ནུས་པ་ཆེ་རུ་གཏོང་བ། མཚོ་སྔོན་གྱི་དམངས་གཉེར་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད། ཀྲུང་གོ་མཚོ་སྔོན་ལྗང་མདོག་འཕེལ་རྒྱས་མ་འཇོག་ཚོང་དོན་ངོ་འཕྲད་གྲོས་མོལ་ཚོགས་འདུ་སྐབས22པ་མ་འཚོག་གོང་། མཚོ་སྔོན་ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཟླ7པའི་ཚེས21ཉིན་ཟི་ལིང་དུ“2021ལོའི་དམངས་གཉེར་ཁེ་ལས་པའི་འཆད་ཁྲིད་ཆེན་མོ”གཉེར་བ་དང་། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་འབྲེལ་གཏུག་བརྟག་ཞིབ་ཚོ་ཆུང་གི་ཁོངས་མི་ཡོངས་དང་། ཞིང་ཆེན་ནང་ཁུལ་གྱི་དམངས་གཉེར་ཁེ་ལས་པའི་འཐུས་མི་བཅས་ཀྱིས་འཆད་ཁྲིད་ཉན་པ་རེད། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཏུའུ་ཏེ་ཀྲི་ཞུགས། 

ཐེངས་འདིའི་འཆད་ཁྲིད་ནང་ཞང་ཡུས་ཚོགས་པའི་ཏུང་ཧྲེ་ཀྲང་ལིན་ཧྥན་རུའུ་དང360ཚོགས་པའི་ཏུང་ཧྲི་ཀྲང་དངCEOགཅིག་ལྕོགས་གནང་བའི་ཀྲོའུ་ཧུང་དབྱི། རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ནུས་རྒྱུ་གསར་པའི་ཚོང་ཚོགས་ཀྱི་ཆེད་ལས་ཚོགས་གཙོ་གཞོན་པ་དང་དྲུང་ཆེ་གཅིག་ལྕོགས་ཀྱི་འགན་ཁུར་བའི་ཙེང་ཧྲའོ་ཅུན་གདན་དྲངས་ནས་ཡུལ་དངོས་སློབ་ཁྲིད་བྱས་པ་རེད། འཆད་ཁྲིད་བྱེད་རིང་། ལིན་ཧྥན་རུའུ་ཡིས“ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ། དབྱི་མོང་སྙིང་སྟོབས་ཀྱིས་ཁེ་ལས་འཕེལ་རྒྱས་ལ་སྣེ་ཁྲིད་བྱས་ཏེ་སླར་ཡང་འོད་སྟོང་གཏོད་པ”ལ་རྒྱས་བཤད་ཞིབ་ཕྲ་གནང་བ་དང་། ཀྲོའུ་ཧུང་དབྱི་ཡིས“གྲངས་འཛིན་ཅན་གྱི་གོ་སྐབས་གསར་བ་དང་བདེ་འཇགས་ཀྱི་འགྲན་སློང་གསར་བ”ཡི་བརྗོད་དོན་གཙོ་བོའི་གཏམ་བཤད་གནང་། ཙེང་ཧྲའོ་ཅུན་གྱིས“ཐཱན་གཉིས་དམིགས་ཚད་ཀྱི་ལས་རིགས་ལ་ཁ་གཏད་གཅོག་པ་དང་ནུས་རྒྱུ་གསར་བའི་མདུན་ལམ”ཞེས་པའི་ངོ་མཚར་ཆེ་བའི་སྒོ་ནས་འགྲེལ་བཤད་གནང་། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།