མཚོ་སྔོན་ཞིང་ཆེན་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་ནད་ཡམས་སྔོན་འགོག་ཚོད་འཛིན་གྱི་བདེ་ཐང་གསལ་འདེབས།

ཟླ7པའི་ཚེས20ཉིན། ནན་ཅིང་གྲོང་ཁྱེར་པྲོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་བཀོད་འདོམས་པུའུ་ཡིས་བརྡ་ཁྱབ་བཏང་བར། ནན་ཅིང་ལུའུ་ཁོའུ་རྒྱལ་སྤྱིའི་གནམ་གྲུ་འབབ་ཐང་གི་ལས་དོན་མི་སྣས་དུས་བཀག་ལྟར་ཉིང་སྐྱུར་ཞིབ་དཔྱད་བྱས་པ་དང་། ཞིབ་དཔྱད་ཚད་ལེན་མཇུག་འབྲས་ལས་མི9གདགས་གཤིས་སུ་མངོན། “ཕྱི་ནས་ནང་ལ་མཆེད་པ་དང་ནང་ནས་ཕྱིར་མཆེད་པར་སྔོན་འགོག་བྱེད་པའི”ལས་དོན་ཡག་པོ་བསྒྲུབས་ནས། པྲོག་གསར་གློ་ཚད་རིམས་ནད་མཆེད་པའི་ཉེན་ཁ་ནུས་ལྡན་ངང་ཇེ་ཆུང་དུ་གཏོང་བ་དང་། ནན་ཅིང་གྲོང་ཁྱེར་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འབྲེལ་ཡོད་བླང་བྱ་དང་ཟུང་འབྲེལ། ཤེས་ཡོན་པ་རྩ་འཛུགས་ཀྱིས་ཞིབ་འཇུག་བརྡར་གཅོད་བྱས་པ་བརྒྱུད། ཞིང་ཆེན་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱིས་དྲན་སྐུལ་བྱས་པ་གཤམ་གསལ་ལྟར།

གཅིག  2021ལོའི་ཟླ7པའི་ཚེས21ཉིན། ནན་ཅིང་གྲོང་ཁྱེར་ཅིན་ཉིན་ཆུས་ལུའུ་ཁོའུ་སྲང་ལམ་ཞེ་སྡེ་བའི་སྡེ་ཁུལ། པའེ་ཡོན་ལམ་སྡེ་ཁུལ། ཧྲི་ཉན་སྡེ་བ། ལིས་ཧྲོའུ་ཆུས་ཧྲི་ཆིག་སྲང་ལམ་ཅིན་ཐང་སྲིད་འཛིན་སྡེ་བ། མའོ་ཅ་ཞུས་རང་བྱུང་སྡེ་བ་བཅས་ཉེན་ཁ་འབྲིང་ཡོད་པའི་ས་ཁུལ་དུ་ལེགས་སྒྲིག་བྱས་པ་དང་། ལུའུ་ཁོའུ་སྲང་ལམ་ནི་བཀག་སྡོམ་ཚོད་འཛིན་བྱེད་གནས་ཡིན། ས་ཁུལ་གཞན་དག་གི་ཉེན་ཁའི་རིམ་པ་མི་འགྱུར།

གཉིས། 2021ལོའི་ཟླ7པའི་ཚེས6ཉིན། ནན་ཅིང་གྲོང་ཁྱེར་ནས་མཚོ་སྔོན་དུ་ཡོང་མཁན་དང་མཚོ་སྔོན་དུ་ཕྱིར་ལོག་མཁན་གྱིས་འཕྲལ་མར་རང་འགུལ་གྱིས་སྡོད་གནས་སྡེ་ཁུལ(གྲོང་ཚོ)དང་ལས་ཁུངས་ལ་སྙན་སེང་ཞུས་ནས། ས་གནས་དེ་གར་ཉིང་སྐྱུར་ཞིབ་དཔྱད་དང་བདེ་ཐང་ལྟ་ཞིབ་སོགས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་དོན་འཁྱོལ་བྱེད་པར་ཧུར་ཐག་གིས་གཞོགས་འདེགས་བྱེད་པ་དང་། ཚེས14ཉིན་ནན་ཅིང་གྲོང་ཁྱེར་གྱི་ཉེན་ཁ་ཆེ་འབྲིང་ས་ཁུལ་དང་དམིགས་བསལ་ཚོད་འཛིན་ཁུལ་ནས་སྡད་པའི་ལོ་རྒྱུས་ཡོད་པའི་མཚོ་སྔོན་དུ་ཕྱིར་ལོག་མཁན་ཚོས། ཉིན14ཡི་རིང་ལ་ཁྱིམ་དུ་འདུག་པའམ་ཡང་ན་གཅིག་སྡུད་ལོག་བཀར་གྱིས་གསོ་རིག་ལྟ་ཞིབ་བྱེད་དགོས།

གསུམ། ཟླ7པའི་ཚེས21ཉིན་གྱི་ཆུ་ཚོད0ནས་བཟུང་། ནན་ཅིང་གྲོང་ཁྱེར་ནས་མཚོ་སྔོན་དུ་ཡོང་མཁན་དང་མཚོ་སྔོན་དུ་ཕྱིར་ལོག་མཁན་གྱིས་ཆུ་ཚོད48ནང་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་གྱི་སྲིབ་གཤིས་སྙན་ཞུ་འབུལ་དགོས། མཁོ་འདོན་བྱེད་མ་ཐུབ་ཚེ་ས་ཁུལ་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་སྡེ་ཁག་ཏུ་ཕྱིན་ནས་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་བྱེད་དགོས།

བཞི། ཞིང་ཆེན་ནང་ཁུལ་གྱི་གནམ་གྲུ་འབབ་ཐང་དང་མེ་འཁོར་བབས་ཚུགས། ཚོང་ཁང་། སྒོ་རྩིས་ཚོང་ཁང་། མགྲོན་ཁང་། འགྲེམས་སྟོན་ཁང་། ཡུལ་སྐོར་མཛེས་ལྗོངས་ཁུལ་སོགས་ཀྱི་གཙོ་གནད་ས་ཁུལ་དང་། འབྲེལ་ཡོད་གཙོ་གནད་ལས་ཁུངས་ཀྱིས་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་ཐབས་དོན་འཁྱོལ་བྱེད་ཤུགས་ཆེ་རུ་བཏང་ནས། འགྲུལ་པའི་ཆ་འཕྲིན་ལ་ནན་ཏན་གྱིས་ཞིབ་བཤེར་བྱེད་པ་དང་། དྲོད་ཚད་ལྟ་ཞིབ་ཚད་ལེན་ལ་ཤུགས་སྣོན་པ། འགྲུལ་རྒྱུན་ལ་ཤུགས་སྣོན་པ། མི་སྣ་འདུ་འཛོམས་མི་བྱེད་པ། རླུང་རྒྱུ་དུག་སེལ་ལ་ཤུགས་སྣོན་པ། ལས་དོན་མི་སྣའི་འགོག་སྲུང་དང་བདེ་ཐང་ལ་ལྟ་ཞིབ་ཚད་ལེན་བཟང་པོ་བྱེད་དགོས། བྱེད་སྒོ་གལ་ཆེན་སྤེལ་བའི་ལས་ཁུངས་ཀྱིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགན་འཁྲི་ནན་ཏན་གྱིས་དོན་འཁྱོལ་བྱས་ཏེ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཇུས་གཞི་གཞིར་བཟུང་སྔོན་འགོག་ཚོད་འཛིན་བྱེད་ཐབས་དོན་འཁྱོལ་ནན་མོ་བྱེད་དགོས།

ལྔ། ཞིང་ཆེན་ནང་ཁུལ་གྱི་མི་སྣ་དགོས་གལ་ཆེ་བ་མ་གཏོགས་ནན་ཅིན་གྲོང་ཁྱེར་དུ་མི་འགྲོ་བ། སྤྱི་དམངས་ཀྱིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་རྒྱུན་རྣམ་ཅན་གྱི་བླང་བྱ་གཞིར་བཟུང་། ཁ་ཐུམ་རྒྱག་པ་དང་ལག་པ་བཀྲུ་བ། རླུང་རྒྱུ་བ། ཕུང་གསོག་མི་རྒྱག་པ། འདུ་འཛོམས་མི་བྱེད་པ། ཟ་མ་བགོ་ལུགས་དང་སྤྱི་ཚོགས་འབྲེལ་བའི་བར་ཐག་སྨི1ཡན་རྒྱུན་འཁྱོངས་བྱེད་པ་སོགས་ཀྱི་འཕྲོད་བསྟེན་གོམས་གཤིས་བཟང་པོ་མུ་མཐུད་མཐའ་འཁྱོངས་བྱེད་དགོས་པའི་བླང་བྱ་བཏོན། གལ་ཏེ་ཚ་བ་རྒྱག་པ་དང་སྐམ་ལུ་བྱེད་པ། ཤུགས་ཞན་པ་སོགས་ཀྱི་ནད་རྟགས་བྱུང་ཚེ། འཕྲལ་མར་ཐག་ཉེའི་གཏན་འཁེལ་གནས་ཀྱི་སྨན་བཅོས་ལས་ཁུངས་སུ་སྨན་བཅོས་བྱེད་པར་འགྲོ་དགོས།

དྲུག པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་གསར་པ་རྒྱག་པ་ནི་པྲོག་གསར་གློ་ཚད་རིམས་ནད་སྔོན་འགོག་བྱེད་པར་ནུས་པ་ལྡན་པའི་བྱེད་ཐབས་ཞིག་ཡིན་པ་དང་། འགོག་སྨན་རྒྱག་པར་ཆ་རྐྱེན་འཛོམས་པའི་སྤྱི་དམངས་ཀྱིས་གང་མགྱོགས་ཀྱིས་འགོག་སྨན་བརྒྱབ་ནས་རིམས་འགོག་སྲུང་ཡོལ་གང་མགྱོགས་ཀྱིས་བསྐྲུན་དགོས།

མཚོ་སྔོན་ཞིང་ཆེན་ནད་རིགས་སྔོན་འགོག་ཚོད་འཛིན་ལྟེ་གནས།

2021ལོའི་ཟླ7པའི་ཚེས21ཉིན། 

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།