སྐབས་གཉིས་པའི“རིག་འཛོམས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱིས་མཚོ་སྔོན་གསར་བ་རོགས་འདེགས་བྱེད”ཅེས་པའི་འཇོན་མིའི་ལས་གཞི་གླེང་མོལ་ཚོགས་འདུ་སང་ཉིན་མགོ་རྩོམ་རྒྱུ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྐབས་གཉིས་པའི“རིག་འཛོམས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱིས། མཚོ་སྔོན་གསར་བ་རོགས་འདེགས་བྱེད”ཅེས་པའི་འཇོན་མིའི་ལས་གཞི་གླེང་མོལ་ཚོགས་འདུ་ཟླ7པའི་ཚེས23ཉིན་ནས་ཚེས24ཉིན་བར་ཟི་ལིང་གྲོང་ཁྱེར་དུ་བསྡུ་རྒྱུ་རེད།

གསར་གཏོད་ནི་སྒུལ་ཤུགས་དང་པོ་དང་འཇོན་མི་ནི་ཐོན་ཁུངས་དང་པོ་ཡིན། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་མི་དམངས་སྲིད་གཞུང་གིས་འཇོན་མིའི་བྱ་བར་མཐོང་ཆེན་བྱེད་བཞིན་ཡོད་ཅིང་། ན་ནིང་མཚོ་སྔོན་ཚོང་ཚོགས་སྐབས་སུ་སྐབས་དང་པོའི“རིག་འཛོམས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱིས། མཚོ་སྔོན་གསར་བ་རོགས་འདེགས་བྱེད”ཅེས་པའི་འཇོན་མིའི་ལས་གཞི་གླེང་མོལ་ཚོགས་འདུ་བདེ་བླག་ངང་སྤེལ་ནས། འཇོན་མིའི་ཞིང་ཆེན་སྟོབས་ལྡན་དུ་གཏོང་བའི་འཐབ་ཇུས་ལ་གསོན་ཤུགས་ཆེན་པོ་བསྣན། ད་ལོར། རང་ཞིང་གིས་མུ་མཐུད་དུ་མཚོ་སྔོན་ཚོང་ཚོགས་ཀྱི་སྐབས་སུ་སྐབས་གཉིས་པའི“རིག་འཛོམས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱིས། མཚོ་སྔོན་གསར་བ་རོགས་འདེགས་བྱེད”ཅེས་པའི་འཇོན་མིའི་ལས་གཞི་གླེང་མོལ་ཚོགས་འདུ་འཚོགས་རྒྱུ་ཡིན། སྐབས་འདིའི་མཚོ་སྔོན་ཚོང་ཚོགས་ཀྱིས“ཡོད་ཚད་ལ་མི་དམིགས་ནའང་། ཚང་མ་བཀོལ་ཐུབ་པའི”འཇོན་མིའི་སྒོ་འབྱེད་ཀྱི་འདུ་ཤེས་དང་། ལས་གཞི་མཉམ་ལས་གཅིག་བསྡུས། འཇོན་མི་མཐུད་སྦྲེལ། བརྗེ་རེས་དཔང་སྒྲུབ་གཞི་གཅིག་ཡིན་པའི་ཞིང་ཆེན་རིམ་པའི་འཇོན་མིའི་བྱ་བའི་སྟེགས་བུ་འཛུགས་སྒྲུབ་བྱས་ཤིང་། ལས་གཞིའི་རྣམ་པ་དང་མནའ་འབྲེལ་ཅན། བློ་འདྲི་ཅན་སོགས་ཀྱི་རྣམ་པས། རྒྱལ་ཡོངས་ཀྱི་རྒྱ་ཆེའི་ཆེད་མཁས་པས་འཕེལ་རྒྱས་ཀྱི་མིག་ཟུང་མཚོ་སྔོན་དུ་གཏོད་པར་བྱས་ནས། གསར་གཏོད་ཀྱི་ཐོན་ཁུངས་མཚོ་སྔོན་གྱི་ཕྱོགས་སུ་གཏོང་བ་དང་། ཚན་རྩལ་གྱི་གྲུབ་འབྲས་མཚོ་སྔོན་གྱི་ཕྱོགས་སུ་བསྒྱུར་བར་བྱས་ཏེ། མཚོ་སྔོན་གྱིས“ལྔ་བཞིའི་འཐབ་ཇུས”ལག་བསྟར་དང་། “དམིགས་བསལ་གཅིག་དང་མཐོ་བ་གཉིས”ལ་སྐུལ་འདེད་གཏོང་བ། མགྱོགས་མྱུར་སྒོས་འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་འཛུགས་སྐྲུན་དང་། རྒྱལ་ཁབ་དག་གཙང་ནུས་ཁུངས་ཐོན་ལས་གསར་སྐྲུན། རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་བྱེད་ས། བཙོག་མེད་བཅུད་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱེད་སར་མཁོ་གལ་ཆེ་བའི་མཐོ་རིམ་འཇོན་མིའི་ཚོགས་པ་ནང་འདྲེན་བཅས་བྱས་ནས། འཇོན་འགུག་བློ་འདྲེན་དང་ཚོང་འགུག་དངུལ་འདྲེན་ལ་སྐུལ་འདེད་དང་། ནུས་མཐོའི་མཉམ་འདྲེས་བཅས་ལ་སྐུལ་འདེད་བཏང་། མཚོ་སྔོན་ཚོང་ཚོགས་ཀྱི་སྐབས་སུ། མགོ་རྩོམ་མཛད་སྒོ་དང་། འཇོན་མིའི་ལས་གཞི་གཅིག་བསྡུས་མིང་རྟགས་འགོད་པའི་མཛད་སྒོ། “ཡོན་ཧྲི་ཆེད་མཁས་པ་མཚོ་སྔོན་དུ་ཡོད་པའི”བཞུགས་མོལ་ཚོགས་འདུ། མཐོ་རིམ་འཇོན་མིའི་ཆེད་དོན་མིང་རྟགས་འགོད་པའི་མཛད་སྒོ་སོགས་བྱ་འགུལ་སྣ7སྤེལ་རྒྱུ་རེད།  ། 

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།