སྐབས22པའི་མཚོ་སྔོན་ཚོང་ཚོགས་གྲ་སྒྲིག་བྱས་ཚར་ཏེ་དེ་རིང་མགོ་བརྩམས་རྒྱུ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས20ཉིན། གསར་འགོད་པས་མཚོ་སྔོན་ཚོང་ཚོགས་རྩ་འཛུགས་ཨུ་ཡོན་ལྷན་ཁང་ནས་ཤེས་གསལ་བྱུང་བ་ལྟར་ན། མཚོ་སྔོན་ཚོང་ཚོགས་ཀྱི་གྲ་སྒྲིག་བྱ་བ་སྤེལ་བའི་རིང་ལ། ས་གནས་སོ་སོ་དང་ལས་ཁུངས་སོ་སོས་མཐོང་ཆེན་བླ་ལྷག་བྱས་ཤིང་། གནད་འགག་གི་གོ་རིམ་ལ་དམིགས་ནས། བྱ་བའི་འགན་འཁྲི་ཇེ་དྲག་ཏུ་གཏོང་བ་དང་། གྲ་སྒྲིག་བྱ་བ་ཏན་ཏིག་ངང་སྐུལ་འདེད་བཏང་ནས། གྲ་སྒྲིག་བྱས་ཚར་ཏེ་དེ་རིང་མགོ་བརྩམས་རྒྱུ་རེད། 

ལག་བསྟར་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་པུའུ་གཞུང་སྒྲུབ་ཁང་དང་། གྲོང་ཁྱེར་དང་སྲིད་གཞུང་སོ་སོ། ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་དང་། གླིང་ཁུལ་དོ་དམ་ཨུ་ཡོན་ལྷན་ཁང་སོགས་བྱ་འགུལ་འགན་སྒྲུབ་ལས་ཁུངས་ཀྱིས་སོ་སོར་མགོ་རྩོམ་མཛད་སྒོ་དང་། གླེང་སྟེགས། མིང་རྟགས་འགོད་པ་དང་དངུལ་གཏོང་སྐུལ་འདེད་སོགས་ཀྱི་བྱ་འགུལ་གྱི་བྱ་བའི་བྱ་ཐབས་གཏན་འཁེལ་བྱས་པ་དང་། བྱ་འགུལ་གྱི་དུས་ཚོད་དང་ས་གནས། བརྗོད་དོན་དང་ནང་དོན། གཏམ་བཤད་སྐུ་མགྲོན་དང་། འཐུས་ཚབ་གདན་འདྲེན་སོགས་ཀྱི་བྱ་བ་དོན་འཁྱོལ་བྱས་ཟིན་ལ། ཚོགས་ཆེན་གྱི་བྱ་འགུལ་སྣ36བཀོད་སྒྲིག་གཏན་འཁེལ་བྱས། 

དེའི་ཁྲོད། མགོ་རྩོམ་མཛད་སྒོའི་བྱ་འགུལ་རབ་དང་རིམ་པའི་བྱ་ཐབས་གཏན་འཁེལ་བྱས་ཟིན་ལ། དེར་མགོ་རྩོམ་མཛད་སྒོ་དང་བརྗོད་དོན་གླེང་སྟེགས། སྐུ་མགྲོན་གྱིས་འགྲེམ་ཁང་ལ་བལྟ་བ། མཚོ་བསྐོར་གློག་སྒུལ་རླངས་འཁོར་འགྲན་རྩོད་འགྲན་བསྡུར་གྱི་མགོ་རྩོམ་མཛད་སྒོ་བཅས་འདུ། མགོ་རྩོམ་མཛད་སྒོའི་ཡུལ་དངོས་བཀོད་སྒྲིག་དང་། ཉེ་འཁོར་ཁོར་ཡུག བདེ་འཇགས་བདེ་སྲུང་། འཕྲིན་གཏོང་འགན་སྲུང་སོགས་གཙོ་གནད་བྱ་བ་བཀོད་སྒྲིག་བྱས་ཟིན་པ་མ་ཟད། འབྲེལ་ཡོད་སྡེ་ཁག་རྩ་འཛུགས་བྱས་ཏེ་མགོ་རྩོམ་མཛད་སྒོའི་འབྲེལ་ཡོད་བྱ་བའི་ཆེད་དོན་གྲོས་ཚོགས་བསྡུས་ཤིང་། བྱ་བ་སོ་སོ་བརྟན་བརླིང་ངང་སྐུལ་འདེད་བཏང་།

ཐེངས་འདིའི་མཚོ་སྔོན་ཚོང་ཚོགས་ཀྱི་ཁྱད་ཆོས་སུ་འཛིན་པའི5Gཐད་གཏོང་བྱ་འགུལ་གྱིས་ཁེ་ལས་དང་། ཐོན་རྫས་བསྡུ་སྒྲིག་ལེགས་འདེམས་བྱ་བ་ལེགས་འགྲུབ་བྱས་ཟིན་པ་དང་། རང་ཞིང་གི་ཁེ་ལས26ཡི་ཁྱད་ལྡན་ཐོན་རྫས་སྣ60ལྷག་ཚོང་ཚོགས་སུ་ཞུགས་རྒྱུར་གཏན་འཁེལ་བྱས་ཤིང་། རྒྱུག་ཚད་རིམ་པ་ཁྲི་བརྒྱ་ཡི“དྲ་གྲགས”མི་གསུམ་གྱིས་ཚོང་ཚོགས་སྐབས་སུ་ཉིན་མ་རེར་དུས་ཚོད4ཡི་ཡུལ་དངོས་ཐད་གཏོང་བྱ་རྒྱུ་རེད། 

མཚོ་སྔོན་ཚོང་ཚོགས་རྩ་འཛུགས་ཨུ་ཡོན་ལྷན་ཁང་གི་འགན་ཁུར་མི་སྣས་མཚམས་སྦྱོར་བྱས་པ་ལྟར་ན། “ད་ལྟ། མཚོ་སྔོན་ཚོང་ཚོགས་ལས་གཞི་མིང་རྟགས་འགོད་པའི་བྱ་བ་བདེ་བླག་ངང་སྤེལ་བ་དང་།ས་ཁུལ་སོ་སོ་དང་གླིང་ཁུལ། ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་གིས་མིང་རྟགས་འགོད་པའི་ལས་གཞི197འགོད་རྩིས་ཡོད་པ་དང་། སྤྱིའི་མ་དངུལ་སྒོར་དུང་ཕྱུར991དང་། མིང་རྟགས་འགོད་པའི་དམིགས་འབེན་ལས་འགན་གྱི99%ལེགས་འགྲུབ་བྱས་ཟིན་ཟེར། །”

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།