ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུས་ཏང་ཕྱིའི་མི་སྣའི་བཞུགས་མོལ་གྲོས་ཚོགས་འཚོགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས21ཉིན། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུས་ཏང་ཕྱིའི་མི་སྣའི་བཞུགས་མོལ་གྲོས་ཚོགས་འཚོགས་ནས། དམངས་གཙོའི་ཏང་ཤོག་ཁག་དང་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ཀྱི་འཐུས་མིའི་བསམ་འཆར་དང་གྲོས་གཞི་ལ་ཉན། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དྲུང་ཡིག་ཆེན་མོ་ཡུས་ཚུང་ལེ་ཡིས་གྲོས་ཚོགས་ལ་མགོ་འཛིན་གནང་བ་དང་འབྲེལ་ཡོད་གསུང་བཤད་གནང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཏུའུ་ཅེ་གྲོས་ཚོགས་སུ་ཕེབས་པ་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པའམ་ཀྲུང་གོ་དམངས་གཙོ་མནའ་མཐུན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཀྲུའུ་རེན་ཨུ་ཡོན་ཝང་ཞོན་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པའམ་དགུ་གསུམ་སློབ་ཚོགས་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཀྲུའུ་རེན་ཨུ་ཡོན་ཏུའུ་ཏི་ཀྲི་སོགས་ཀྱི་ཏང་ཕྱིའི་མི་སྣ་དག་གིས་སྔ་རྗེས་སུ་གཏམ་བཤད་གནང་།

ཏང་ཕྱིའི་མི་སྣའི་གཏམ་བཤད་ལ་ནན་ཏན་ངང་ཉན་རྗེས། ཡུས་ཚུང་ལེ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་ལས་དོན་ཐད་སྔ་རྗེས་སུ་ཐེངས་མང་པོར་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་བ་དང་། ལྷག་པར་དུ་མཚོ་སྔོན་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱིས་མཚོ་སྔོན་གྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་རྒྱང་སྐྱོད་བགྲོད་ལམ་གསར་པ་ཕྱོགས་ཡོངས་ནས་བསྐྲུན་པར་གཞི་འཛིན་ས་མཁོ་འདོན་དང་ཁ་ཕྱོགས་གསལ་སྟོན་གནང་ཡོད། ཞིང་ཆེན་ཏང་ཨུས་ཏང་ཀྲུང་དབྱང་གི་བླང་བྱ་གཞིར་བཟུང་། མཚོ་སྔོན་བཅོས་སྐྱོང་གི་ཆབ་སྲིད་རང་བཞིན་དང་བརྒྱུད་རིམ་རང་བཞིན། ལག་ལེན་རང་བཞིན་བཅས་ཡང་དག་ཁོང་དུ་ཆུད་པ་བྱས་ནས་མཚོ་བོད་མཐོ་སྒང་དེ་རྒྱལ་ཡོངས་དང་ཐ་ན་རྒྱལ་སྤྱིའི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་ཧུར་ཐག་གིས་བསྐྲུན་དེ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་བསྐྲུན་པའི་མཚོ་སྔོན་གྱི་ལེའུ་ནུས་ཤུགས་ཡོད་རྒུས་བརྩམས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་མཚོ་སྔོན་གྱི་ས་གཞི་ཆེན་པོར་དོན་འཁྱོལ་ཐུབ་པར་ནུས་པ་ལྡན་པའི་སྐུལ་འདེད་གཏོང་དགོས། དུས་ཡུན་རིང་པོའི་ནང་ཏང་ཕྱིའི་མི་སྣས་སྲིད་ཞུགས་སྲིད་གླེང་གི་འགན་ནུས་ནན་ཏན་ངང་བསྒྲུབས་པ་དང་། ཆ་འཕྲིན་བརྒྱུད་སྤྲོད་ཀྱི་ཐབས་ལམ་ཤར་གཏོང་བྱས་ནས་མཚོ་སྔོན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད། ཐུན་མོང་མ་ཡིན་པའི་བསམ་འཆར་དང་གྲོས་གཞི་བཏོན་ཡོད། ཏང་ཕྱིའི་མི་སྣས་མུ་མཐུད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཏེ་གཏིང་ཟབ་ས་ནས་བསམ་བློ་གཏོང་བ་དང་། ལས་དོན་གསར་པ་སྒྲུབ་པ། ལས་དོན་ལ་ནན་ཏན་བྱེད་པ་བཅས་བྱས་ནས་སྲིད་ཞུགས་འགན་སྒྲུབ་ཀྱི་ཆུ་ཚད་དང་ཐབས་ཇུས་འདོན་པ་དང་། སྲིད་དོན་སྐྱོང་ནུས་སྔར་བས་ཆེ་རུ་གཏོང་བ། གནད་དོན་གལ་ཆེན་ལ་དམིགས་ནས་འཆར་འགོད་ལ་ཤུགས་སྣོན། ཡང་དག་གནད་འཕིགས་ཀྱི་ལྟ་ཚུལ་སྔར་བས་མང་བ་འདོན་པ། མི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱི་བསམ་བློ་ཕྱོགས་གཅིག་ཏུ་འཁོར་བ་དང་ཤུགས་རྒྱག་སར་ཁྲིད་སྟོན་བྱེད་པ་བཅས་ཀྱི་ཐོག་ནས། མཚོ་སྔོན་འཛུགས་སྐྲུན་གྱི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་རྒྱུའི་རེ་བ་ཡོད་པར་བསྟན།  །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།