ལི་ཅེ་ཞང་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ལོ་སྟོད་ཀྱི་དཔལ་འབྱོར་གནས་བབ་དབྱེ་ཞིབ་དང་དངུལ་གཏོང་ལས་གཞི་སྙོམ་སྒྲིག་ཚོགས་འདུར་ཞུགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས20ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ལི་ཅེ་ཞང་གིས་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ལོ་སྟོད་ཀྱི་དཔལ་འབྱོར་གནས་བབ་དབྱེ་ཞིབ་དང་དངུལ་གཏོང་ལས་གཞི་སྙོམ་སྒྲིག་ཚོགས་འདུའི་སྟེང་ནན་གྱིས་བསྟན་དོན། རང་འགུལ་བྱེད་སྟངས་ཀྱིས་ཚན་རིག་འཆར་འགོད་དང་། གནད་འཁེལ་སྙོམ་སྒྲིག་བྱས་ཏེ། མགྱོགས་མྱུར་སྒོས་ལས་གཞི་འཛུགས་སྐྲུན་དང་། སྟོབས་ཤུགས་ཡོད་རྒུས་དངུལ་གཏོང་གཏན་འཇགས་འཕར་བསྣོན་ཡོང་བར་བྱས་ནས། ལོ་ཧྲིལ་བོའི་དམིགས་འབེན་ལས་འགན་ལེགས་འགྲུབ་ཡོང་བར་རྨང་གཞི་འཇོག་དགོས་ཞེས་བསྟན། 

ལི་ཅེ་ཞང་གིས་ནན་གྱིས་བསྟན་དོན། དུས་ཚིགས་གསུམ་པ་ནི་ཐོན་སྐྱེད་དམ་འཛིན་དང་དངུལ་གཏོང་རྒྱ་བསྐྱེད་ཀྱི་དུས་ཚིགས་ལེགས་ཤོས་ཡིན་ལ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་ལག་ལེན་མཁན་ཞིག་བྱེད་པར་བརྩོན་ལེན་བྱས་ཏེ། ལས་གཞི་དམ་འཛིན་དང་དངུལ་གཏོང་ལ་སྐུལ་འདེད་བྱེད་པའི་ཁྲོད་བློ་དཀར་དང་། གཙང་མ། འགན་འཁྲིའི་ངོ་བོ་ཡོད་པར་བྱེད་དགོས། “ས་གནས་བཞིའི”འཛུགས་སྐྲུན་དང་“དམིགས་བསལ་གཅིག་དང་མཐོ་བ་གཉིས”ཀྱི་འཐབ་ཇུས་དང་དམ་དུ་འབྲེལ་ནས། ཚན་རིག་གིས་ལས་གཞིའི་དུས་རིམ་སྔོན་མར་འཆར་འགོད་དང་ལས་གཞིའི་རྒྱུ་རྐྱེན་ཡང་དག་པའི་ཁོང་དུ་ཆུད་པར་བྱས་ཏེ། ལས་གཞིའི་སྤུས་ཚད་མཐོར་འདེགས་སུ་གཏོང་དགོས། བྱ་བའི་ལས་གནས་གསར་འཛུགས་དང་། སྲིད་ཇུས་གཏན་འཁེལ་ལ་ཞིབ་འཇུག་བྱས་ནས། ལས་གཞི་དང་མཐུན་པའིི་དོན་དངོས་སྲིད་ཇུས་ཁག་ཐེག་དང་དུས་ཐོག་ཏུ་ལག་བསྟར་དོན་འཁྱོལ་བྱེད་དགོས། གནད་དོན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། སྡེ་ཁག་མཐུན་འགྲིག་ཤུགས་དྲག་ཏུ་བཏང་ནས། མགྱོགས་མྱུར་སྒོས་གཙོ་གནད་ལས་གཞི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་གཞོགས་འདེགས་བྱེད་དགོས། ཚན་རིག་གི་འཆར་འགོད་དང་། རིམ་བགོས་ལག་བསྟར། དཀའ་གནད་སེལ་ཏེ། ཐོན་ཁུངས་གཅིག་སྒྲིལ་གྱིས། དག་གཙང་ནུས་ཁུངས་ཀྱི་དྲོད་འདོན་སོགས་དམངས་ཚིས་བཟོ་སྐྲུན་འཛུགས་སྐྲུན་ལ་གྲུབ་འབྲས་ལེན་པར་སྐུལ་འདེད་བཏང་ནས། རོང་འབྲོག་དམངས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་མཐོར་འདེགས་སུ་གཏོང་དགོས་ཞེས་བསྟན།  ། 

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།