མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་གྲོས་ཚོགས་འཚོགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས19ཉིན། མཚོ་སྔོན་ཞིང་ཆེན་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་གྲོས་ཚོགས་ཐེངས68པ་འཚོགས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཐུན་མོང་སློབ་སྦྱོང་བྱེད་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་བྱས་པ་དང་འབྲེལ་ཡོད་བྱ་བར་བླང་བྱ་བཏོན། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅིའམ་ཀྲུའུ་རིན་གཞོན་པ་ཀྲང་ཀོང་རོང་གིས་མགོ་འཛིན་མཛད་པ་དང་། ཏང་ཙུའུ་ཧྲུའུ་ཅི་གཞོན་པའམ་ཀྲུའུ་རིན་གཞོན་པ་མཱ་ཝེ་དང་ཉི་མ་སྒྲོལ་མ། ཏང་ཙུའུ་ཁོངས་མི་ཉིའོ་ཁྲིན་ཡུན་དང་ཝུའུ་ཧེ་ཁུན། ཀྲང་ཧོང་ཡོན། ཏང་ཙུའུ་ཁོངས་མི་དང་དྲུང་ཡིག་ཆེན་མོ་ཅཱ་དབྱིན་ཀྲུང་བཅས་གྲོས་ཚོགས་ལ་ཞུགས། ཀྲུའུ་རིན་གཞོན་པ་ལིའུ་ཐུང་ཏི་གྲོས་ཚོགས་ལ་ཟུར་ཞུགས་བྱས།

གྲོས་ཚོགས་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་བྱེད་པ་དང་དེར་གོ་བ་གཏིང་ཟབ་ལེན་པ་དང་། རྒྱལ་སྤྱིའི་སྒྲོག་སྤེལ་ནུས་པ་ཇེ་ཆེར་གཏོང་བའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གསལ་པོར་བྱེད་པ། རྒྱལ་ཁབ་ཀྱི་སྤྱི་ཡོངས་ལ་རྐང་འཛུགས་པ་དང་དམངས་ཆེན་གྱི་ངེས་གནས་གསལ་པོར་བཙལ་ནས་ནམ་ཡང་རྣམ་རིག་གྲུང་བོས་ཏང་དྲིལ་སྒྲོག་དང་རྒྱལ་ཁབ་དྲིལ་སྒྲོག དམངས་ཆེན་གྱི་ལམ་ལུགས་དྲིལ་སྒྲོག་བྱེད་པ། མཛེས་སྡུག་ལྡན་པའི་མཚོ་སྔོན་ངོ་སྤྲོད་བཟང་པོ་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་དེ་དམངས་ཆེན་ཕྱི་ཕྱོགས་དྲིལ་སྒྲོག་གི་ལས་འགན་གཙོ་བོར་བྱེད་དགོས། སློབ་སྦྱོང་དང་གསབ་སྦྱོང་ལ་ཤུགས་བསྣན་ཏེ་ལས་རིགས་ནུས་པ་མཐོར་འདེགས་གཏོང་བ་དང་། ཁྱད་ཆོས་འབུར་དུ་ཐོན་པར་བྱེད་པ། དག་སྲུང་གསར་གཏོད་བཅས་བྱས་ནས་ཀྲུང་གོའི་གཏམ་རྒྱུད་དང་མཚོ་སྔོན་གྱི་གཏམ་རྒྱུད། དམངས་ཆེན་གྱི་གཏམ་རྒྱུད། འཐུས་མིའི་གཏམ་རྒྱུད་ལེགས་པར་བརྗོད་དགོས་པར་བསྟན།

གྲོས་ཚོགས་སྟེང་གསར་བརྗེ་ཐོན་ཁུངས་ཁྲོད་གུང་ཁྲན་ཏང་མིའི་ཐོག་མའི་ཕུགས་འདུན་དང་འགན་འཁྲི་རྟོགས་པར་བྱས་ཏེ། དམར་པོའི་གཞི་རྒྱུ་རྒྱུན་འཛིན་དང་ཆབ་སྲིད་ཀྱི་སྤུས་ཚད་མཐོར་འདེགས་བཏང་ནས། དུས་རབས་ལ་ངོ་གནོང་མི་དགོས་པའི་གྲུབ་འབྲས་གསར་བ་བསྐྲུན་དགོས། དམར་པོའི་སློབ་གསོ་དེ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྔ་གཞུག་ཀུན་ཏུ་ཁྱབ་པར་བྱས་ནས་མུ་མཐུད་དུ་ཆེད་དོན་བགྲོ་གླེང་དང་རྩ་འཛུགས་འཚོ་བའི་གྲོས་ཚོགས་བསྡུས་ནས་དམངས་དོན་ལྷུར་ལེན་བྱེད་པར་སྐུལ་འདེད་གཏོང་དགོས་ལ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་ལ་ཕན་འབྲས་ཏན་ཏིག་ལེན་དགོས། སློབ་སྦྱོང་ལ་ཤུགས་བསྣན་ནས་དམངས་ཆེན་འཐུས་མིའི་ལམ་ལུགས་ཀྱི་ཐོན་སྐྱེད་འཕེལ་རྒྱས་ཀྱི་ལོ་རྒྱུས་ལ་རྒྱུས་ལོན་ཟབ་མོ་བྱེད་པ་དང་། གཞི་རྩའི་ཆབ་སྲིད་ལམ་ལུགས་ཀྱི་རང་རྟོན་ཤུགས་དྲག་ཏུ་གཏོང་དགོས། རང་རེའི་ཞིང་ཆེན་གྱི་གསར་བརྗེའི་ཐོན་ཁུངས་ཀྱི་སྲུང་སྐྱོབ་ཁྲིམས་འཛུགས་བྱ་བར་ཤུགས་བསྣན་ནས་དམར་པོའི་རིག་གནས་ཁྱབ་བརྡལ་གཏོང་བ་དང་དམར་པོའི་ཁྲག་རྒྱུན་རྒྱུད་འཛིན་བྱེད་པར་ཁྲིམས་སྐྱོང་གི་འགན་སྲུང་འདོན་སྤྲོད་བྱེད་དགོས་པར་བསྟན།

གྲོས་ཚོགས་སྟེང་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་མཚོ་སྔོན་དུ་ཡོང་ནས་ཁྲིམས་བསྟར་ཞིབ་བཤེར་བྱས་པ་དང་ཆེད་དོན་རྟོག་ཞིབ་བྱས་པའི་འབྲེལ་ཡོད་བྱ་བའི་གནས་ཚུལ་སྙན་ཞུ་ལ་ཉན་པ་དང་། རྗེས་ཕྱོགས་ཀྱི་བྱ་བར་བཀོད་སྒྲིག་དང་འཆར་འགོད་བྱས། གྲོས་ཚོགས་སྟེང་ད་དུང་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་སྐབས་ཀྱི་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཕྱོགས་ཡོངས་བཅོས་བསྒྱུར་གཏིང་ཟབ་བྱེད་པའི་ལས་འགན་གལ་ཆེན་དང་། ཞིང་ཆེན་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་དྲུག་པའི་འབྲེལ་ཡོད་དོན་ཚན་ལ་གྲོས་བསྡུར་བྱས་ཏེ་གཏན་ལ་ཕབ། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།